R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༣
[A:༥༣]ཕྲག་གཅིག་དང་བཅས་པའི་དཀྱིལ་འཁོར་དུ། དབང་བསྐུར་བ་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། པད་མ་བཛྲ་ཆེ་ཆུང་གཉིས། ཨིནྟྲ་བྷུ་ཏི། ལྕམ་ལཀྵྨི་ཀཱ་ར། ཏི་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། ཨ་བྷ་ཡ་ཀཱ་ར། རཏྣ་ཤྲཱི། ཛ་ཡ་སེ་ན། དར་མ་ཡོན་ཏན། སྒང་དར་སྙིང༌། གཉན་རས། ཨཀྵོ་བྷྱ་བཛྲ། སྒོམ་ཤེ། བདེ་བ་ཅན་པ་ཡེ་ཤེས་མགོན། བསམ་གཏན་གྲུབ། བླ་མ་གཞོན་ནུ་རྒྱལ་མཚན། འཛམ་གླིང་པཎྜི་ཏ། བླ་མ་ཨ་མོ་གྷ་བཛྲ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འདིའི་བརྒྱུད་པའི་ལུགས་གཅིག་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ཤ་བ་རི་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སེ་ན། ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་པཎ། མངའ་རིས་པ་རིན་འབྱུང༌། ཚུལ་ཁྲིམས་རིན་ཆེན། རང་བྱུང་རྡོ་རྗེ། འཛམ་གླིང་པཎྜི་ཏ། བླ་མ་ཨ་མོ་གྷ་པ། བཟད་པ་རིན་ཆེན་རྒྱལ་མཚན་པ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་ས་པཎ་ལ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ཆོས་དབང༌། ལོ་མཆོག ལོ་ཆེན། བླ་མ་ཡེ་ཤེས་མགོན། བླ་མ་དར་མ་བཟང་པོ། གྲགས་ཆེན་པ། སྤང་ཁང་པ། སློབ་དཔོན་རིན་ཆེན་བརྩོན། ཆོས་རྗེ་བྱང་སེང་པ། བཀྲས་རིན་པ། དེ་གཉིས་ཀ་ལ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཏི་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། དྷ་བྱང་ཆུབ་སེམས་དཔའ། ཨ་བྷྱ་ཀ་ར། རཏྣ་རཀྵི་ཏ། ཛ་ཡ་སེ་ན། སུམ་ལོ་དར་མ་ཡོན་ཏན། མཁས་པ་ས་མུ་ཏྲ། སེང་གེ་རྒྱལ་མཚན། ལོ་ཙཱ་བ་གྲགས་རྒྱལ། དཔལ་མཆོག རྒྱ་ཐམས་ཅད་མཁྱེན་པ། སྲིན་པོ་རི་པ། སྒྲག་སྟོན་རྡོ་རྗེ་དཔལ། འཚུར་ཕུ་བ་ཚུལ་རིན། ཆོས་རྗེ་རང་བྱུང་རྡོ་རྗེ། ཡོར་པ་ཡེ་ཤེས་དཔལ། མཁན་