R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༢
[A:༥༢]བསོད་སེང༌། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ལོ་མཆོག བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་ཕག་དཀར་དུ་གྲགས་པའི་རྗེས་གནང་ཞུས་ནས། པཎྜི་ཏ་ཀོང་ཀ་ན་བྱིན་གྱིས་མཛད་པའི་སྒྲུབ་ཐབས་ཆེན་པོ། ཡང་དབང་དུ་བསྡུད་པའི་སྒྲུབ་ཐབས་ཆེན་པོ། ཕག་མོའི་བསྟོད་པ། དུག་འཇོམས་པའི་ཐབས་རྣམས་དང༌། དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པའི་རྗེས་གནང་གི་ཡི་གེ་སྒྲུབ་ཐབས་ཆེན་མོ་རྣམས་ཐོབ། དེ་རྣམས་ཀྱི་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་རྣལ་འབྱོར་མ། པཎྜི་ཏ་ཀོང་ཀ་བྱིན། ཨ་ནུ་པ་མ་རཀྵི་ཏ། ཀུ་མ་ར་དེ་ཝ། རེ་ཝེནྟྲ་བྷ་ཏྲ། ཆག་ལོ་ཙཱ་བ། གོ་ལུང་པ་མདོ་སྡེ་དཔལ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ལོ་མཆོག བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆེན་པོ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རལ་ཅིག་མ་དམར་མོའི་བྱིན་བརླབས་ཀྱི་ཡིག་ཆ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ཀྱིས་མཛད་པ་དང༌། སྒྲུབ་ཐབས་རྒྱ་གཞུང་གི་སྟེང་ནས་བཀའ་ལུང་རྫོགས་པར་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་སྤྱོད་པ། ཤར་ཕྱོགས་ཀྱི་པཎྜི་ཏ་ནཱ་ལེནྟྲ་བྷ་ཏྲ། དེ་ལ་ལོ་ཙཱ་བ་མཆོག་ལྡན་གྱིས་ཞུས། དེ་ལ་བླ་མ་གཞོན་ཚུལ་མ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད། དཔལ་མཁའ་འགྲོ་རྒྱ་མཚོ། འགའ་ཞིག་གིས་ཕྱོགས་མཐུན་གྱི་རྒྱུད་དུའང་མཛད་པ། འཁོར་ལོ་བཅུ་གཉིས་ཡོངས་སུ་རྫོགས་པ་ལྷ་སྟོང་ཕྲག་གཅིག་དང༌། བརྒྱ་ཕྲག་དགུ། བརྒྱད་ཀྱིས་ལྷག་པའི་བཅུ་