R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣
[A:༤༣]གྲགས་པ་དཔལ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། རིན་ཆེན་རྣམ་རྒྱལ། བླ་མ་བདེ་མཆོག་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ། ལཱུ་ཧི་པ། དཱ་རི་ཀ་པ། ཏི་ལོ་པ། ནཱ་རོ་པ། ཤནྟི་པ། ཇོ་བོ་རྗེ། རོང་པ་འགར་དགེ ལྷ་རྗེ་སྟོན་པ། སྟེང་ཤོད་ཞལ་གཉིས། རྗེ་ཆེ་བ། ཆུང་བ། ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ། ཆོས་འོད། ཞིང་ཆེན་གྲགས་པ་དཔལ། བདེ་གཤེགས་དཔལ། བླ་མ་བསྒོམ་པ། བླ་མ་གྲགས་ཆེན། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན་ནས་སྔར་དང་འདྲའོ། །གསུམ་པ། པཎ་ཆེན་ལུགས་ཀྱི་བརྒྱུད་པ་ནི། བདེ་མཆོག་འཁོར་ལོ། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པ། ཀནྡྷ་པ། འདྲེན་མཛད་ཞབས། བིཀྵ་ཏ་དེ་ཝ། ཤཱཀྱ་ཤྲཱི་བྷ་ཊ། གཡག་སྡེ་ལོ་ཙཱ། མངའ་རིས་པ་སངས་རྒྱས་ཡེ་ཤེས། ཆོས་རྗེ་བུ་སྟོན། ཡང༌། བདེ་མཆོག ཤཱཀྱ་ཤྲཱི་བྷ་ཏྲ། བི་བྷུ་ཏི་ཙནྟྲ། མངའ་རིས་པ་སངས་རྒྱས་ཡེ་ཤེས། བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་རིན་རྣམ་པ། བླ་མ་བདེ་མཆོག་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། ཡང༌། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། དཱ་རི་ཀ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷ་ཡ། དེ་ཝ་པུརྞ། ཁ་ཆེ་པཎ་ཆེན། སྤྱི་བོ་ལྷས་པ་སེང་གེ་དཔལ། ཞང་ཕྱ་རུ་བ། འབྲོ་ལུང་པ། རིན་པོ་ཆེ་ཁྲོ་ཕུ་བ། བླ་མ་རིན་ཆེན་སེང་གེ བུ་སྟོན་ཆོས་ཀྱི་རྗེ། བཞི་པ། མར་དོ་ལུགས་ཀྱང་ཟེར་ལ། ཟླ་བ་པའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ། ལཱུ་ཧི་པ། ཌེཾ་གི་པ། ཨིནྟྲ་བྷུ་ཏི། ཀ་ཙ་ཏྲ་པ། དྲིལ་བུ་པ། ཛ་ལནྡྷ་ར། ནག་པོ་པ། ཀུ་ཤ་ལ་ན། དགེ་བའི་མགོན་པོ། ཏི་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། བལ་པོ་བྷ་དནྟ། མར་དོ་ཆོས་དབང༌། གཟེ་བ་བློ་ལྡན། གཟེ་བ་ཇོ་བདེ། སློབ་