R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢
[A:༤༢]པ། ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལན་དྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་རྩེགས། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། འུ་ཡུག་པ་བསོད་སེང༌། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བུ་སྟོན་རིན་པོ་ཆེ། རིན་རྣམ་པ། བླ་མ་བདེ་མཆོག་པ། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང་རྗེ་བཙུན་པ་ལ་དམར་ཆོས་རྒྱལ། མངའ་རིས་ཀྱི་སྟོན། ཐུར་ལ་བ། ཐང་པེ་བ། གསེར་སྡིངས་པ། ཀུན་མཁྱེན་ཆོས་འོད། འཕགས་འོད། བུ་སྟོན། རིན་རྣམ། བདེ་མཆོག་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། དམར་ལ་མི་ཉག་ཆོས་རྒྱལ། མི་ཉག་རྡོར་གྲགས། ལྕེ་མདོ་སྡེ་སེང་གེ སྟོན་ཤཱཀྱ། ལྕེ་བློ་ལྡན། འཕགས་འོད། བུ་སྟོན། རིན་རྣམ། བདེ་མཆོག་པ། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ས་པཎ། འཕགས་པ། བླ་མ་སངས་རྒྱས་འབུམ། ལོ་མཆོག བླ་མ་དཔལ་ལྡན་པ། བླ་མ་བྲག་དམར་བ། བདེ་མཆོག་པ། མགོན་ཤེས་པ། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །གཉིས་པ། ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཙཎྜི་ཀ་པ། བྲམ་ཟེ་མི་ཀོ་པ། ལཱུ་ཧི་པ། ད་རི་ཀ་པ། བྲམ་ཟེ་སྡོམ་པ་བཟང་པོ། ཇོ་བོ་རྗེ་ཨ་ཏི་ཤ་ལ། ལོ་ཆེན་རིན་ཆེན་བཟང་པོ་དང༌། ནག་ཚོ་གཉིས་ཀྱིས་གསན། དེ་གཉིས་ཀ་ལ་འལ་པ་སྟོན་མགོན་དང༌། འལ་པ་ཇོ་ཚུལ་གཉིས་ཀྱིས་གསན། སྒོམ་པ་མལ་སྒོམ། སྦལ་པ་སྤང་སྣ་བ། མེ་རེག་པ་དར་མ་བྱང་ཆུབ། རིན་ཆེན་རྒྱལ་པོ། བླ་མ་