R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༤
[A:༤༤]དཔོན་ཁུ་པ། ཁམས་པ་ལྷོ་ཚད་པ། མཆོག་ལྡན། དཔལ་ལྡན་པ། ཆོས་རྗེ་བུ་སྟོན། རིན་རྣམ་པ། བདེ་མཆོག་པ། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ལྔ་པ། གཉོས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ། ནག་པོ་པ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས། ཏི་ལོ་པ། ནཱ་རོ་པ། རཀྵི་ཏ། ནག་པོ་ལྷ་ལས་དད་པ། ཕམ་ཐིང་པ་དང་གསུམ་གྱིས། བལ་པོ་བྷ་དནྟ་ལ། ནག་པོ་ལྷ་ལ་དད་པའི་སློབ་མ། གཉོས་ལོ་ཙཱ། གཉོས་བླ་མ། གཉོས་དཔལ་ལེ། ཕྱུག་ཀ་བ་ཇོ་འབུམ། རྩང་པ་ལྷ་སྟེངས་པ། ལྕེ་ཇོ་མདོ། བླ་མ་སྟོན་ཤཱཀ བླ་མ་བློ་ལྡན། བླ་མ་འཕགས་འོད། བུ་སྟོན་ཆོས་རྗེ། རིན་རྣམ་པ། བླ་མ་བདེ་མཆོག་པ། བཟད་པ་རིན་རྒྱལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །དྲུག་པ། ལོ་ཆུང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ལཱུ་ཧི་པ། ཌེཾ་གི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཛ་ལན་དྷ་རི་པ། ནག་པོ་སྤྱོད་པ་བ། དགེ་བའི་མགོན་པོ། རུས་སྦལ་ཞབས། བྷུ་ཝ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། པུཛྙ་རཀྵི་ཏ། ཕམ་ཐིང་པ་གསུམ། མ་ན་ཀ་ཤྲཱི་དང༌། པྲཛྙ་རཀྵི་ཏ་གཉིས་ཀྱིས། ཀ་ན་ཀ་ཤྲཱི། དེ་དང་ཕམ་ཐིང་པ་གཉིས་ཀ་ལ། བྷ་དནྟ་པ། དེས་ལོ་ཆུང་གྲགས་མཆོག དམར་ཆོས་རྒྱལ། མངའ་རིས་ཀྱི་སྟོན། ཐུར་ཟླ་བ་ཚུལ་ཁྲིམས་སྐྱབས། ཐང་པེ་བ་འཕགས་པ་སྐྱབས། གསེར་སྡིངས་པ་གཞོན་ནུ་འོད། དགེ་སྡིངས་པ་ཀུན་མཁྱེན་ཆོས་འོད། འཕགས་འོད། བུ་སྟོན་ཆོས་རྗེ། རིན་རྣམ་པ། བླ་མ་བདེ་མཆོག་པ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྒྱལ་འཕགས་པའི་ཡིག་ཆའི་སྟེང་ནས་ཞུས་པ་ནི། ས་པཎ་ཡན་སྔར་དང་འདྲ་བ་ལ། ཡང་དགོན་པ། ལོ་རས་ཆོས་སྐྱོང་རྒྱལ་མཚན། མཁན་པོ་རྡོ་རྗེ་