R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡
[A:༤༡]པའི་བསྲུང་འཁོར། སྒྲུབ་ཐབས། དཀྱིལ་ཆོག་རྣམས་ཀྱི་ལུང་ཡང་ཞུས་ཏེ། ཆོས་རྗེ་བླ་མ། བླ་ཆེན་ཀུན་རྒྱལ། ཐེག་ཆེན་པ། རིན་པོ་ཆེ་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ས་སྐྱ་པའི་མན་ངག་ཁྱུང་ཁྲ་ནག་གཉིས་ལས། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པ་སྣ་ཚོགས་ཀྱི་སྐབས་ནས། ཀླུ་རིགས་ལྡན་གྱི་གཉེན་པོར། ཡེ་ཤེས་ཁྱུང་ཁྲའི་བཟླས་ལུང་མན་ངག་དང་བཅས་པ་ཞུས་པའི་རིམ་པ་ནི། རྡོ་རྗེ་འཆང༌། རྗེ་བཙུན་ནཱ་རོ་པ། བལ་པོ་ཕམ་ཐིང་པ་སྐུ་མཆེད། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། བླ་མ་དོ་པ། ལུང་མངས་སོ། ཡོན་ཏན་ཁྲི། སེང་བཟངས་པ། ཡར་ལུང་པ་སེང་གེ་རྒྱལ་མཚན། ཡང༌། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། རྗེ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ལུང་པ་སེང་གེ་རྒྱལ་མཚན། བླ་མ་ཤཱཀྱ་བསོད་ནམས། ཕ་ཆོས་ཀྱི་རྗེ། དེས་བདག་གོ །དེའི་ཡིག་ཆའི་རིམ་པ་ནི། ས་ཆེན་གྱིས་མཛད་པའི་སྒྲུབ་ཐབས། བཟླས་ལུང་གི་ཡིག་ཆ་གཉིས། ཁྱུང་ཁྲའི་སྔགས་བཟླ་བའི་མན་ངག་རྣམས་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པ། པཎྜི་ཏ་དམར་པོ་ཞབས་ལས་རྒྱུད་པའི་ཁྱུང་ནག་གི་ལས་ཚོགས། ཁྱུང་ཁྲའི་ལས་ཚོགས་དྲུག་རྣམས་སོ།།
༈ །།བདེ་མཆོག་གི་བསྐོར།། དཔལ་ལྡན་བླ་མ་འགྲོ་བའི་མིག་དེ་ལས། འཁོར་ལོ་སྡོམ་པ་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པའི་ལུགས་ཀྱི་དབང་བསྐུར་བུ་སྟོན་པའི་ཡིག་ཆའི་སྟེང་ནས་ཡོངས་སུ་རྫོགས་པ་ཐོབ། འཁོར་ལོ་བདེ་མཆོག་ལ་ལོ་ཙཱ་བའི་བཤད་སྲོལ་བཅུ་བཞི། ཁྱད་པར་ལཱུ་ཧི་པའི་དབང་མན་ངག་ལ། རྒྱུད་པའི་ཆུ་བོ་དྲུག་འདུས་པའི་དང་པོ། རྗེ་བཙུན་ས་སྐྱ་པའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི་