R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༨
[A:༣༢༨]པ། དམངས་ཕལ་པ་འཕྲིན་ལས་མཐུན་སྦྱོར་ལ་ཟས་ཀྱི་རྣལ་འབྱོར། གོས་ཀྱི་རྣལ་འབྱོར། གཉིད་ཀྱི་རྣལ་འབྱོར། བསྐོར་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར། མཎྜལ་གྱི་རྣལ་འབྱོར། ཚོགས་སོག་གི་རྣལ་འབྱོར་ཏེ་བདུན་དང༌། དབང་བཞི་དང་མཐུན་མོང་དུ་འབྲེལ་བ། དམ་ཚིག་ཡིད་བཞིན་ནོར་བུའི་གདམས་ངག སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་གི་ཁྲིད་ཡིག ཞང་ལོས་མཛད་པ། འཁྲུལ་འཁོར་ལག་ལེན་གསལ་བའི་མེ་ལོང༌། གཏུམ་མོའི་འཁྲུལ་འཁོར་བཅོ་བརྒྱད་གཉིས་མར་པས་མཛད་པ། བྱ་སྤྱོད་ཚོགས་བསྒྱུར་ལམ་གྱི་གདམས་པ། གདམས་པ་སྤྱིའི་གེགས་སེལ། ག་དར་གྱི་དོན་བསྡུ་བ་སྟེ། སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ཞང་ལོས་མཛད་པ། ཞལ་གདམས་ནོར་བུའི་འཕྲ་བཀོད་ཞང་ལོས་མཛད་པ། ནག་པོ་ཆེན་པོའི་སྒྲུབ་ཐབས་ཀཱ་ལ་པས་མཛད་པ་མར་པའི་འགྱུར་ནག་པོ་ཆེན་པོའི་སྤྱན་འདྲེན་མཆོད་བསྟོད་དང་བཅས་པ། ཏཻ་ལོ་པའི་གཏད་རྒྱ་མར་པའི་འགྱུར། བླ་མ་བརྒྱུད་པའི་ཕྱག་འཚལ། ཡང་དུས་གསུམ་རྒྱལ་བ་འགྲོ་བ་འདྲེན་པའི་གཙོ། །ཞེས་པའི་གསོལ་འདེབས། མི་ལ་རས་པའི་གཏད་རྒྱ། ཇོ་མོ་ལུས་མེད་མའི་དབང་ཕྱག་ལེན། ཚོགས་ཀྱི་འཁོར་ལོའི་ཁོག་ཕུགས་བྱུང་ཚུལ། ཐེག་པ་ཆེན་པོ་གསང་སྔགས་སྙན་རྒྱུད་ཀྱི་ཡིག་ཆུང་ཞེས་པ་ཁྲིད་ཡིག་གྱི་ལྷན་ཐབས་ཆེན་མོ་རྣམས་སོ། །ཆོས་ཚན་དེ་དག་གི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྣལ་འབྱོར་མ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། ངམ་རྫོང་རས་པ། རྒྱ་རྣལ་འབྱོར་པ། བླ་མ་བ་ལམ་པ། སངས་རྒྱས་ཇོ་སྲས། སངས་རྒྱས་དབོན་པོ། བླ་མ་རུ་ཐོགས་པ་བསོད་ནམས་རྒྱལ་མཚན། ལྷ་ཆུག་པ་ཤཱཀྱ་རྒྱལ་མཚན། བླ་མ་ཚུལ་ཤེ་བ། བླ་མ་ཚུལ་མགོན་པ། ཆོས་རྗེ་རྩང་པ་བློ་གྲོས་བཟང་པོ། ཆོས་རྗེ་པ། དེས་བདག་ལའོ།། ༈ །།ཡང༌། བླ་མ་དམ་པ་ཤཱཀྱའི་མཚན་ཅན་