R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༩
[A:༣༢༩]གྱི་ཞབས་ལས། ཆོས་རྗེ་ཐམས་ཅད་མཁྱེན་པ་དཔལ་ལྡན་བླ་མ་དམ་པས་མཛད་པའི་སྤྱོད་འཇུག་གི་ཊཱི་ཀའི་ལུང་ཞུས་ཤིང༌། བརྒྱུད་པ་ནི་འབྲི་བ་མ་གྲུབ། ངེད་ཀྱིས་ནི། ཆོས་འཁོར་གླིང་གི་ཆེན་པོ་ཚུལ་ཁྲིམས་འཕེལ་བ་ལས་ཐོབ་པ་ཡིན་གསུང༌།། ༈ །ཡང་སེམས་དཔའ་ཆེན་པོ་དེ་ལས་རྒྱ་སྲས་པས་མཛད་པའི་ཡིག་ཆའི་ཐོག་ནས། བློ་སྦྱོང་གི་ཉམས་ཁྲིད་ཐོབ་པའི་བརྒྱུད་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། གུ་ཎ་མི་ཏྲ། སེང་བཟང༌། གང་བ་སྤེལ། ཀུ་སུ་ལུ། ཀུ་སུ་ལུ་གཉིས་པ། གསེར་གླིང་པ། མར་མེ་མཛད། འབྲོམ་སྟོན། པུ་ཏོ་བ། ཤ་ར་བ་པ། འཆད་ཁ་བ། རྒྱལ་བ་སེ། སྐྱེས་མཆོག་ལྷ། ལྷ་སྡིངས་པ། ལྷ་སྡིངས་དབོན། ཡོན་ཏན་དཔལ། བདེ་བ་དཔལ། བཀའ་བཞི་པ། བསོད་ནམས་གྲགས། རྒྱལ་སྲས་པ། གཞོན་ནུ་རྒྱལ་མཚན། དཔལ་ཡེས། དེ་གཉིས་ལ་བློ་བཟང་པ། ཆོས་རྗེ་པ། བདག་གོ །ཡང་ན་རྒྱལ་སྲས་པ། ཡོན་བློ་བ། ཆོས་རྗེ་པ། བདག་གོ །ཡང་མཆོག་ཏུ་ནང་ལ་ཐུགས་གཞོལ་བ་གྲུབ་པའི་དབང་ཕྱུག་དེ་ལས། དམར་ཁྲིད་ཚིམ་བུ་ལུགས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཚིམ་བུ་པ། བླ་མ་སྤྱི་བོ་ལྷས་པ། བྲག་དམར་བ་བྱང་ཆུབ་ཚུལ་ཁྲིམས། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་བ། ས་བཟངས་མ་ཏི་པཎ་ཆེན། དེ་གཉིས་ཀ་ལ་མཁན་ཆེན་ཡོན་བློ་བ། དེ་ལ་ཆོས་རྗེ་པ། དེས་བདག་ལ་ཉམས་ཁྲིད་དུ་གནང་ཞིང༌། རྒྱལ་བ་ཡེ་ཤེས་ཀྱི་ཡིག་ཆའི་སྟེང་ནས་སོ།། །།