R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༧
[A:༣༢༧]བ། ཚོགས་ཀྱི་འཁོར་ལོའི་ཆོ་ག་དངོས་གྲུབ་འབྱུང་གནས་གསུམ་གཟི་བརྗིད་རྒྱལ་མཚན་གྱིས་སྦྱར་བ། ཡང་ཚོགས་འཁོར་གྱི་ཆོ་ག་ཞེས་པ། སྤྱན་འདྲེན། མཆོད་འབུལ། བཟོད་གསོལ་རྣམས་ཀྱི་ཚིགས་བཤད། ཡང་ཕག་མོའི་ཐུགས་ཀྱི་སྒྲུབ་ཐབས་དང༌། དམར་ཆུང་མའི་ཞལ་གདམས་གཉིས། ཡེ་ཤེས་བླ་མས་མཛད་པ། ལུས་མེད་མཁའ་འགྲོའི་བཀའི་བརྗེད་བྱང༌། སྙན་རྒྱུད་ཀྱི་གཞུང་ཆུང་མར་པའི་འགྱུར། ཕྱག་རྒྱ་ཆེན་པོའི་མན་ངག ཕྱག་ཆེན་བསམ་གྱིས་མི་ཁྱབ་པ། བསམ་མི་ཁྱབ་བདེ་བ་ཆེན་པོ། ཆོས་ཉིད་བསམ་མི་ཁྱབ། དངོས་པོ་བསམ་མི་ཁྱབ་རྣམས་ཏཻ་ལོ་པས་མཛད་པ། ལུས་མེད་མཁའ་འགྲོའི་ཆོས་བསྐོར་དགུའི་མན་ངག་རས་ཆུང་པས་བཀོད་པ། དབང་མདུད་འགྲོལ། ཆོས་ཉིད་གཉུག་མའི་འགྱུར། གཏུམ་མོ་བདེ་དྲོད་རང་འབར་རྡོ་རྗེ་རྒྱལ་མཚན་གྱི་སྦྱར་བ། ཆོས་བརྒྱད་རང་གྲོལ། རྨི་ལམ་འཁྲུལ་པ་རང་སངས། འོད་གསལ་མ་རིག་མུན་བྲལ། འཕོ་བ་གསེར་འགྱུར་རྩིའི་གདམས་ངག གྲོང་འཇུག་སྦྲུལ་ལྤགས་འདོར་བྱེད། ཕྱག་ཆེན་ཡེ་ཤེས་གསལ་བྱེད། ལམ་བློ་ནས་དཔྱོད་པ་བར་དོ་ངོ་སྤྲོད་རྣམས་ཀྱང་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ། གནད་ཀྱི་གཟེར་གསུམ། ཡུམ་རྒྱལ་མོ་ལྟ་བུ་ལ། དང་པོ་ལྷ་མོ་གཅིག་ཏུ་སྒྲུབ་པ། ལྷ་མོ་བཅོ་ལྔའི་སྒྲུབ་ཐབས་རྒྱས་པ། ཡང་ལྷ་མོ་བཅོ་ལྔའི་སྒྲུབ་ཐབས། སྲས་རྒྱལ་ཕྲན་ལྟ་བུའི་སྒྲུབ་ཐབས་ལ་ལྷ་མོ་བདུན་གྱི་མངོན་རྟོགས། ལྷ་མོ་ལྔའི་མངོན་རྟོགས། ལྷ་མོའི་ཐུགས་སྒྲུབ། ཡང་ཡབ་རྒྱལ་པོ་ལྟ་བུའི་སྒྲུབ་ཐབས་ལ། ལྷན་སྐྱེས་སྒྲུབ་ཐབས། སྲས་རྒྱལ་ཕྲན་ལྟ་བུའི་སྒྲུབ་ཐབས་ལ། ལྷ་བཅུ་གསུམ་གྱི་སྒྲུབ་ཐབས། ལྷ་ལྔའི་སྒྲུབ་ཐབས། དུས་གསུམ་སངས་རྒྱས་ཐམས་ཅད་མཆོད་འོས་ཡོན་ཏན་གཏེར་ཞེས་པ་རྒྱལ་པོ་ཆོས་ཉིད་མི་འགྱུར་བ་དང༌། བློན་པོ་རིགས་གསུམ་ལས་བྱེད་ཞེས་པའི་གདམས་