R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༣
[A:༣༢༣]རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཁྲི་༽པ་ནས། བྱམས་མགོན་གྱི་མཛད་པའི་མདོ་སྡེ་རྒྱན་བམ་པོ་གསུམ་པ། ཤཱཀྱ་སིངྷ་དང༌། དཔལ་རྩེགས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། བླ་མ་ཀུན་དགའ་མཆོག་དང༌། བླ་མ་བྱང་ཆེན་པ་གཉིས་ཀ་ལ་བླ་མ་གཞོན་ཚུལ་བས་ཞུས། དེ་ལ་མཁན་ཆེན་ཤེས་རྡོར་བ། དེ་ལ་བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །དབུས་དང་མཐའ་རྣམ་འབྱེད་ཀྱི་རྩ་བ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར་དང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་ས་ར་ཧེ་ཏ་དང༌། ཟུ་དགའ་བ་རྡོ་རྗེའི་འགྱུར། རྒྱུད་བླ་མ་པརྫ་ན་དང༌། བློ་ལྡན་ཤེས་རབ་ཀྱི་འགྱུར། དེའི་འགྲེལ་པ་ཐོགས་མེད་ཀྱི་མཛད་པ་འགྱུར་རྩ་བ་དང་འདྲ་བ་ཐོས་པའི་བརྒྱུད་པ་ནི། སློབ་དཔོན་ཤེས་རབ་འོད་ཟེར། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །མདོ་སྡེ་རྒྱན་གྱི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་ཤླཽ་ཀ་སུམ་སྟོང་དྲུག་བརྒྱ་ལྔ་བཅུ་པ་འགྱུར་རྩ་བ་དང་མཐུན་པ་ཐོས་པའི་བརྒྱུད་པ་ནི། བླ་མ་ཀུན་དགའ་མཆོག་པ་དང༌། བླ་མ་བྱང་ཆེན་པ་གཉིས་ཀ་ལ་བླ་མ་གཞོན་ཚུལ་བས་ཞུས། དེ་ལ་མཁན་ཆེན་ཤེས་རྡོར་བ། དེ་ལ་བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼བི་༽པ་ནས། དབུས་མཐའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ། ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར་ཐོས་པའི་བརྒྱུད་པ། སློབ་དཔོན་ཤེས་རབ་འོད་ཟེར། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼སི་༽པ་ནས་ཉི་ཤུ་པའི་ཚིག་ལེའུ་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་