R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༤
[A:༣༢༤]དང༌། ཡེ་ཤེས་སྡེའི་འགྱུར། ཕུང་པོ་ལྔའི་རབ་བྱེད་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། སུམ་ཅུ་པའི་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་འགྱུར་གོང་དང༌། འདྲ་བ་ཐོས་པའི་བརྒྱུད་པ། ལོ་མཆོག ལོ་ཙཱ་བ་བློ་བརྟན། ལོ་ཙཱ་བ་བྱང་རྩེ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཧི་༽པ་ནས། ཕུང་པོ་ལྔའི་བྱེ་བྲག་ཏུ་བཤད་པ་བམ་པོ་བཞི་པ་སློབ་དཔོན་བློ་བརྟན་གྱིས་མཛད་པ་འགྱུར་གོང་དང་འདྲ་བ་ཐོས་པའི་བརྒྱུད་པ་ནི། ལོ་མཆོག ལོ་ཙཱ་བ་བློ་བརྟན། ལོ་ཙཱ་བ་བྱང་རྩེ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ... པ་ནས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པས། ཛི་ན་མི་ཏྲ་དང༌། དཔལ་རྩེགས་རཀྵི་ཏའི་འགྱུར་ཐོས་པའི་བརྒྱུད་པ་ནི། སྨྲྀ་ཏི་ཤེས་རབ་གྲགས། ར་ཞགས་ཟླ་བ། མཆིམས་ཞང་བཙུན། མཆིམས་གོ་ཆ། མཆིམས་བརྩོན་སེང༌། མཆིམས་ནམ་མཁའ་གྲགས། རྒྱང་རོ་བྱང་འབུམ། མཁན་ཆེན་བློ་བཟང་གྲགས་པ། ལོ་ཙཱ་བ་བྱང་རྩེ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། བདག་གོ། ... པ་ནས། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། བམ་པོ་དགུ་པ་དང༌། རུ་ལུ་ནས། དེའི་འགྲེལ་པ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ། ཤླཽ་ཀ་ཉི་ཁྲི་ཆིག་སྟོང་བམ་པོ་བདུན་བཅུ་པ་གཉིས། ཛི་ན་མི་ཏྲ་དང༌། ཀླུའི་རྒྱལ་མཚན་གྱི་འགྱུར་གཉིས་ཐོས་པའི་བརྒྱུད་པ། ཟུར་ཕུ་བ། ཉང་རོ་དཀོན་སེང༌། སློབ་དཔོན་བསོད་ཡེས། བཀའ་བཞི་པ། རིན་པོ་ཆེ་བསོད་ནམས་གྲགས་པ། མཁན་ཆེན་བསོད་ནམས་བཟང་པོ། བླ་མ་ཨ་མོ་གྷ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་