R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༢
[A:༣༢༢]ལྡན། ལོ་ཙཱ་བ་བློ་བརྟན། ལོ་ཙཱ་བ་བྱང་རྩེ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེས་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཙ་༽པ་ནས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་ཤེས་རབ་ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་པ། ཛྙཱ་ན་གརྦྷ་དང༌། ཅོག་རོའི་འགྱུར། ཡང༌། དེས་མཛད་པའི་རིགས་པ་དྲུག་ཅུ་པ། མུ་དཱི་ཀ་ཤྲཱི་དང༌། པ་ཚབ་ཉི་མ་གྲགས་ཀྱི་འགྱུར་གཉིས་ཐོས་པའི་བརྒྱུད་པ་ནི། མཁན་ཆེན་ཤེས་རབ་འོད་ཟེར། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ...་པ་ནས། རྩ་ཤེའི་འགྲེལ་པ་ཚིག་གསལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པ་དང༌། དབུ་མ་འཇུག་པ་གཉིས་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པ་ཐོས་པའི་བརྒྱུད་པ་ནི། སངས་རྒྱས། མཁན་པོ་སྒྲ་གཅན་འཛིན་བཟང་པོ། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་སངས་རྒྱས་སྐྱངས། སློབ་དཔོན་ཟླ་གྲགས། པཎྜི་ཏ་པྲ་ཧི་ཏི་དང༌། ཨུ་སུམ་ན་གཉིས་ལ། པ་ཚབ་ཉི་མ་གྲགས། པ་ཚབ་ཀྱི་བུ་བཞི་ལ། རྨ་བྱ་བྱང་བརྩོན། རྩ་པ་སར་སྦོས། དར་ཡུལ་ཡོན་ཏན་གྲགས། ཞང་ཐང་སག་པ་འབྱུང་གནས་ཡེ་ཤེས། ཞང་མཁས་པ་ཤེས་རྡོར། འབྲོམ་དབང་ཕྱུག་གྲགས། སློབ་དཔོན་སྐུ་མཆེད་གཉིས། སློབ་དཔོན་འབོམ། སློབ་དཔོན་ཆེ་བཙུན། སློབ་དཔོན་བམ་སྟོན་པ་གཞོན་དབང༌། སློབ་དཔོན་ཀུན་བཀྲས་སེང༌། སློབ་དཔོན་འཕགས་པ། བླ་མ་སུལ་ཆེན་པ་བསོད་ནམས་སེང་གེ བླ་མ་སངས་རྒྱས་རིན་ཆེན། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཨ༽པ་ནས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་བམ་པོ་ལྔ་པ། ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར་ཐོས་པའི་བརྒྱུད་པ་ནི། མཁན་ཆེན་བསོད་ནམས་བཟང་པོ། བླ་ཆེན་ཨ་མོ་གྷ་པ། མཁན་ཆེན་ཤེས་རབ་རྡོ་