R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༡
[A:༣༢༡]འཕགས་འོད། ཆོས་རྗེ་བུ་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཆ༽པ་ལ། མངོན་རྟོགས་རྒྱན་དང་སྦྱར་བའི་འགྲེལ་ཆེན་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ། ཤླཽ་ཀ་སྟོང་ཕྲག་བརྒྱད་པ་པཎྜི་ཏ་དྷི་ར་པཱ་ལ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་འགྱུར་ཐོས་པའི་བརྒྱུད་པ་ནི། བདེ་བ་ཅན་པ་ཡེ་ཤེས་མགོན། བླ་མ་སེང་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ...པ་ལ། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་བམ་པོ་ལྔ་པ། དཔལ་རྩེགས་ཀྱིས་བསྒྱུར་བ་ལ། གོ་མི་འཆི་མེད་དང༌། བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་རྩ་འགྲེལ་གྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་སྡེ། དུལ་བའི་སྡེ། རྣམ་སྣང་མཛད་བཟང་པོ། སློབ་དཔོན་སེང་གེ་བཟང་པོ། ཡེ་ཤེས་ཞབས། གུ་ན་མི་ཏྲ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་སྟོན་བྱང་ཡེས། འདུལ་དཀར། སེ་དར་མ་ཤེས་རབ། རྩངས་པ་འབྲེ། ཆོས་རྗེ་འཇམ་གསར། སྒྲོ་སྟོན་ཡེ་ཤེས་བླ་མ། མཁན་པོ་བསོད་ནམས་རྩེ་མོ། མཁན་ཆེན་བདེ་ལྡན་པ། མཁན་ཆེན་སྟོན་ཡེས། བླ་མ་ཤེས་རབ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼མ་༽པ་ནས། ཤེར་སྙིང་གི་རྒྱ་ཆེར་བཤད་པ་དོན་བརྒྱད་མ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བནྡྷེ་ནམ་མཁའ་དང༌། ཡེ་ཤེས་སྙིང་པོ་ལ་སོགས་ཀྱི་འགྱུར་ཐོས་པའི་བརྒྱུད་པ་ནི། ལོ་ཙཱ་བ་མཆོག་