R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༢༠
[A:༣༢༠]རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༼ཝི་༽པ་དང༌། ༼ཞི་༽པ་ནས། རྩ་རྒྱུད་དེ་ཉིད་འདུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན། པཎྜི་ཏ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། རིན་ཆེན་བཟང་པོའི་འགྱུར་ཐོས་པའི་བརྒྱུད་པ་སྨད་ལུགས་ནི། རྣམ་སྣང༌། ཕྱག་རྡོར། བུདྡྷ་གུཔྟ། ཡན་ལག་མེད་པའི་རྡོ་རྗེ། འཇམ་པའི་ང་རོ། དཔེ་མེད་རྡོ་རྗེ། སིངྷ་རྡོ་རྗེ། པདྨའི་མྱུ་གུ་ཞབས། ཨིནྡྲ་བོདྡྷི་ཕྱི་མ། རྒྱལ་པོ་ལ་ཏྲི་མོ་སྣང་བའི་རྡོ་རྗེ། ཡུལ་དབུས་ཀྱི་བུ་མོ་གསང་བའི་རྡོ་རྗེ། ཨོ་དེ་ཤའི་རྒྱལ་པོ་བི་སུ་ཀལྤ་ལ། ཡུལ་དབུས་ཀྱི་རྒྱལ་རིགས་ས་ར་ཧ་པ། དྲི་མེད་སྙིང་པོ། གྲུབ་པའི་ཡེ་ཤེས་ཞབས། སངས་རྒྱས་ཡེ་ཤེས་ཞབས། ཤཱཀྱ་བཤེས་གཉེན། དེ་ལ་ཨུ་རྒྱན་གྱིས་དགེ་སློང་ཡོན་ཏན་འབྱུང་གནས་ཀྱིས་ཞུས་ནས་ཀོ་ས་ལའི་རྒྱན་མཛད། དེ་ནས་ཤྲཱདྡྷ་མན་འདྲའམ་དཔྱད་པར་བྱའོ་ཞེས་བླ་མ་གསུང་ངོ༌། །ཞེས་བུ་སྟོན་གསུང་ངོ༌། །སྟོད་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། རབ་འབྱོར་སྐྱངས། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། པྲ་ཛྙཱ་བོདྡྷི། མུཀྟི་ཀོ་ཥ། ཤྲཱདྡྷ་ཀཱ་ར། བུདྡྷ་ཤྲཱི་ཤཱནྟི། ལོ་ཆེན་རིན་བཟང༌། ལོ་ཆུང་ལེགས་ཤེ། གཉལ་པ་ཉི་ཤེ། གནུར་པ་ཉི་འོད། གནུར་སིངྷ༌། གླན་ཆོས་འབྱུང༌། ཙསྐྱ་སྟོན་འབུམ། ཁྲི་བརྟན། གནུར་ཡེ་རྒྱལ། བླ་མ་ཆོས་རྒྱལ། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཤྲཱདྡྷ་ཀཱ་རས་མཛད་པའི་ཐིག་རྩ་ཐོས་པའི་བརྒྱུད་པ་ནི། ཤྲཱདྡྷ། ལོ་ཆེན། ལོ་ཆུང༌། དེ་ལ་སུམ་སྟོན་དང་ལྕེ་ཞར་གཉིས་ཀྱི་གསན། དེ་གཉིས་ཀ་ལ་སྤྲུ་སྟོན་འབར་ཐོག རྩངས་ཡང་དག་རྡོ་རྗེ། རྩངས་པ་འབྱུང་གནས་སེང་གེ ལྕེ་ཇོ་མདོ། ལྕེ་ཐམས་ཅད་མཁྱེན་པ། ལྕེ་བློ་བརྟན། ཀུན་མཁྱེན་