R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༩
[A:༣༡༩]དང༌། ལྟུང་བ་བཅོ་ལྔ་པ། ཡན་ལག་གི་ཉེས་པ་བདུན་པ་དང༌། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་ཀླུ་སྒྲུབ་ཀྱིས་མཛད་པ་རྣམས་ཀྱིས་བརྒྱུད་པ་ནི། དཱ་ན་ཤཱི་ལ། གཡག་སྡེ་ལོ་ཙཱ་བ། སློབ་དཔོན་བྱང་ཆུབ་ཚུལ་ཁྲིམས། ཕྱར་སྨྱོན། མངའ་རིས་པ་སངས་རྒྱས་དཔལ། ཨཱརྻ་ཀུན་ཡེས། བླ་མ་ཀུན་ཡེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་དེ་ན་ཕན་པར་བྱེད་པའི་ཡན་ལག་དང་བཅས་པ། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། པུ་རི་ཤའི་གྲོང་ཁྱེར་དུ་ཨཱ་ཙཱརྻ་ཨུ་པ་ཏ་བཛྲ་ཤཱི་ལ་དང༌། རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རིན་པོ་ཆེ་འབྲས་དཀར་བ། ཤེས་རབ་འོད་ཟེར། བླ་མ་ཐང་ཚུལ་ཁྲིམས་མགོན། སློབ་དཔོན་མགོན་པོ་རྒྱལ་མཚན། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཚོགས་༼ཁ༽ཀྱི་འཁོར་ལོའི་མཆོད་པའི་ཆོ་ག་སློབ་དཔོན་ནག་པོ་པས་མཛད་པ་མགོས་འགྱུར་ཐོས་པའི་བརྒྱུད་པ་ནི། བདེ་མཆོག་ནག་པོ་པའི་སྐོར་བཞིན་ནོ།། ༼ཛི་༽པ་ནས། རྣལ་འབྱོར་གྱི་རྒྱུད་དེ་ཉིད་གསུངས་པའི་སྐོར་ཐོས་པ་ལ། རྒྱུད་ཀྱི་དོན་ལ་འཇུག་པ་ཨ་བ་ཏ་ར་ཞེས་བྱ་བ། འཕགས་པ་དེ་ཉིད་འདུས་པ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་དཔའ་མཉེས་པར་བྱ་བའི་ཆོ་ག་བསྡུས་པ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ་རིན་ཆེན་བཟང་པོའི་འགྱུར་ཐོས་པའི་བརྒྱུད་པ་ནི། ས་ཆེན་པ། གཤེན་རྡོ་རྗེ་སེང་གེ དབུས་པ་དབང་ཕྱུག་གྲགས། སྟོང་སྟོན་ཤེས་རབ་དཔལ། དཔལ་འབྱོར་བཟང་པོ་ཁྲི་བརྟན། ཡེ་རྒྱལ། བླ་མ་ཆོས་རྒྱལ། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་