R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༨
[A:༣༡༨]དང༌། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་དམར་མེ་མཛད་ཀྱིས་མཛད་པ་ཐོས་པའི་བརྒྱུད་པ་ནི། ཇོ་བོའི་ཆོས་ཆུང་བཞིན་ནོ། །བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གྲུ་བོ་ཞེས་བྱ་བ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པ་ཐོས་པའི་བརྒྱུད་པ་ནི། སློབ་དཔོན་ཨཱརྻས། ཀུན་ཡེས་ལ་གསན་གསུང་ངོ༌། །དཔལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས་ནིསྐ་ལཾ་ཀ་པ་མི་ཏྲ་དང༌། བུདྡྷ་ཤྲཱི་བྷ་དྲས་གཏན་ལ་ཕབ་པ་སྣུབས་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྱུར་བ་དང༌། ལྟ་སྤྱོད་རྣམ་དག་གི་མན་ངག་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་བྱམས་པའི་དཔལ་གྱིས་བསྒྱུར་བ་དང༌། སེམས་རིན་པོ་ཆེ་སྦྱང་བའི་ལམ་འབྲས་བུ། བུདྡྷ་ཤྲཱི་བྷ་དྲས་མཛད་པ། བྱམས་པའི་དཔལ་གྱིས་བསྒྱུར་བ་དང༌། འཆིང་བ་རྣམ་གྲོལ་གྱི་མན་ངག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡས་མཛད་པ། ཁྲོ་ལོས་བསྒྱུར་བ་དང༌། གྲུབ་པ་དམ་པའི་ལམ་ངེས་པ་ཞེས་བྱ་བ་བསྒྱུར་འཕྲོ་དང༌། རྣལ་འབྱོར་པ་རང་གི་སེམས་མདུད་པ་འགྲོལ་བའི་མན་ངག མི་ཏྲས། རྒྱ། འབྲོ། ལམ། ལོ། དྲོ། གཤེན་དྲུག་གིས་ཞུས་ལན་མཛད་པ་སྣུབས་ལོས་བསྒྱུར་བ་དང༌། དཔལ་རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས་པ་མི་ཏྲས་མཛད་པ་ཁྲོ་ལོས་བསྒྱུར་བ་དང༌། ཏིང་ངེ་འཛིན་གྱི་དབང་བསྐུར་བ་སྣུབས་ལོ་ཙཱས་བསྒྱུར་བ་དང༌། ཕ་རོལ་དབང་དུ་བྱ་བ་སྣུབས་ལོས་བསྒྱུར་བ་རྣམས་ཐོས་པའི་བརྒྱུད་པ་ནི། ཁྲོ་ཕུ་ལོ་ཙཱ་བ། སངས་རྒྱས་བསོད་དབང༌། ཁྲོ་ཕུ་རིན་པོ་ཆེ། སློབ་དཔོན་རིན་པོ་ཆེ། སློབ་དཔོན་གཞོན་མཛེས། བཀའ་བཞི་པ་གྲགས་གཞོན། མཁན་ཆེན་བསོད་གྲགས་པ། མཁན་ཆེན་བསོད་ནམས་བཟང་པོ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་དང༌། ལྟུང་བ་སྦོམ་པོ་བསྡུས་པ་རྟ་དབྱངས་ཀྱིས་མཛད་པ་