R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༧
[A:༣༡༧]བཅུ་རྩ་ལྔ་པ་ཞ་མ་ལོ་ཙཱ་བས་བསྒྱུར་བ་དང༌། མཁའ་འགྲོ་མ་རྡོ་རྗེ་བཟང་པོའི་གླུ་བྲུལ་ཚོ་བདུན་བསྟན་པ་ཞ་མ་ལོ་ཙཱས་བསྒྱུར་བ་དང༌། ཟབ་མོ་བརྡའི་གླུ་གསང་བའི་བདུད་རྩི་ཞེས་བྱ་བ་ཤ་བ་ར་པས་དམ་པ་ལ་གསུངས་པ་ཞ་མས་དིང་རི་མཁན་པ་ཁྲོད་དུ་བསྒྱུར་བ་དང༌། གྲུབ་ཐོབ་བཞི་བཅུས་མགུར་བཞེངས་པ་ཐིག་ལེ་གསེར་གྱི་ཕྲེང་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོགས་བརྗོད་ཞ་མས་བསྒྱུར་བ་དང༌། མཁའ་འགྲོ་མའི་འཇམ་གླུ་རིང་མོ་ཞེས་བྱ་བ་དང༌། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་དབང་གི་འཁོར་ལོ་དུར་ཁྲོད་རྒྱུ་དཀར་དཔལ་གྱིས་རོལ་པར་གསུངས་པ་དང༌། རྣལ་འབྱོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ། གྲུབ་ཐོབ་རྣམས་ཀྱི་རྡོ་རྗེའི་མགུར་ཞེས་བྱ་བ་ལེའུ་དགུ་པ་དམ་པ་རྒྱ་གར་རིན་པོ་ཆེས་རང་འགྱུར་དུ་མཛད་པ་རྣམས་ཐོས་པའི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། བྱམས་པ། ཐོགས་མེད། དབྱིག་གཉེན། ཨཱརྻ་དེ་བ། དམ་པ་སངས་རྒྱས་སོ། །ཡང༌། རྡོ་རྗེ་འཆང༌། བདག་མེད་མ། དམ་པ་རིན་པོ་ཆེ། དམ་པ་ཀུན་དགའ། པ་ཚབ་ཚུལ་ཁྲིམས་འབར། རྒྱལ་བ་རྟེན་ནེ། །ཞིག་པོ་ཉི་མ་སེང་གེ བླ་ཆེན་དྲན། མཁས་པ་ཀུན་རིན། ལྷ་རིན་ཆེན་གྲགས། སྔོ་ཚ་གྲགས་པ་དཔལ། བླ་མ་བསོད་ནམས་སེང་གེ བླ་མ་བསོད་ནམས་བྱང་ཆུབ་བོ། །ཡང༌། བླ་ཆེན་དྲན། སྔོ་ཚ་གྲགས་པ་དཔལ། བླ་མ་བསོད་ནམས་སེང་གེ བླ་མ་བསོད་ནམས་བྱང་ཆུབ་བོ། །ཡང༌། པ་ཚབ་སྒོམ་པ། ཨུ་རྒྱན་རས་པ། མགོན་མོ་ཆོས་འདྲེན། ཞལ་སྔ་རྣལ་འབྱོར། ཞལ་སྔ་བསོད་རིན། སྲས་ཀུན་རིན། རིན་པོ་ཆེ་བསོད་ནམས་བྱང་ཆུབ། དེ་གཉིས་ལ་བླ་མ་སངས་རྒྱས་རིན་ཆེན། དེ་ལ་མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་མར་མེ་མཛད་ཀྱིས་མཛད་པ། ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་