R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡༦
[A:༣༡༦]མ། མཉམ་ཉིད་གཞིའི་སྒྲོལ་མ། མཐར་ཐུག་འབྲས་བུའི་སྒྲོལ་མ། བྱང་ཆུབ་སྤྱོད་པའི་སྒྲོལ་མ། རྣལ་འབྱོར་ལམ་གྱི་སྒྲོལ་མ། གསང་བ་ཐུགས་ཀྱི་སྒྲོལ་མ། མཎྜལ་འབུལ་བའི་ཆོ་ག ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག བསྐྱེད་རིམ་སྒྲུབ་ཐབས་ཀྱི་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས། དེ་ཐམས་ཅད་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ། པཎྜི་ཏ་ཛྙཱ་ན་གུ་ཧྱ་དང༌། ཨོང་ལོ་ཙཱ་བའི་འགྱུར་རྣམས་ཐོས་པའི་བརྒྱུད་པ་ནི། བླ་མ་བྱང་ཆེན་པ་བསོད་ནམས་འཕེལ། བླ་མ་བག་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །བརྒྱུད་པ་དེ་དག་ལས། ཀ་མ་ལ་ཤཱིས་མཛད་པའི་བདེ་བར་གཤེགས་པ་བཅུ་གཉིས་ཀྱི་སྒྲུབ་ཐབས་ཀྱི་ནང་ནས། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམས་ཀ་མ་ལ་ཤཱིས་མཛད་པ་རྣམས་ཐོས་པའི་བརྒྱུད་ནི། གོང་བཞིན་ནོ།། ༼ཚི་༽པ་ནས། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐོར་ནས་ཐོས་པ་ལ། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ་ས་ར་ཧས་གསུངས་པ་ཀཱ་མ་ལ་ཤཱི་དང༌། ཞ་མ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་བ་དང༌། དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར་ཆུང་གསང་མཛོད་འཕྲུལ་གྱི་རྒྱ་ཞ་མ་ལོ་ཙཱ་བ་སེང་རྒྱལ་གྱི་འགྱུར་དང༌། མཁའ་འགྲོ་མ་བརྡའི་མགུར་བམ་པོ་ལྔ་པ་ཞ་མ་ལོ་ཙཱ་བའི་འགྱུར་དང༌། ཐུགས་ཀྱི་གསང་བ་གླུར་བླངས་པ་ཐིག་ལེ་དག་པའི་ཕྲེང་བ་གྲུབ་ཐོབ་ཕོ་མོ་བརྒྱད་བཅུའི་རྟོགས་བརྗོད་ཞ་མ་ལོ་ཙཱས་བསྒྱུར་བ་དང་གྲུབ་ཐོབ་ལྔ་བཅུའི་རྟོགས་བརྗོད་ཐིག་ལེ་འོད་ཀྱི་ཕྲེང་བ་ཞ་མས་བསྒྱུར་བ་དང༌། ཕྱག་རྒྱ་ཆེན་པོ་རིན་པོ་ཆེའི་མན་ངག་དུམ་བུ་དྲུག་པ་ལོ་ཕྲན་ལྔ་