R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༧
[A:༣༠༧]པ། དཔྱལ་ཆོས་བཟངས། རོང་པ་རྒྭ་ལོ། ཆོས་རྒྱལ་འཕགས་པ། དགའ་ལྡན་པ་ཀུན་བསོད། གར་ཐིག་པ། གླང་རི་སྒང་པ། བླ་མ་ཨཱརྻ། བླ་མ་ཆོས་དཔལ་བ། གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཡང༌། དཔྱལ་ལོ་ལ་པདྨོ་ཅན་པ། ཉི་མ། ཨཱརྻ་ཤྲཱི། བླ་མ་ཀུན་ཡེས། ཆོས་དཔལ་བ། གྲགས་དོན་པ། ཆོས་རྗེ་པ། བདག་གོ། ༈ །ཏིང་ངེ་འཛིན་གྱི་ཆོ་ག དཔལ་འཛིན་གྱིས་མཛད་པའི་གཏོར་ཆོག བིརྺ་པས་མཛད་པའི་འཁྲུལ་འཁོར། ལྷ་ལྔའི་སྒྲུབ་ཐབས། ཤེས་རབ་སྐྱོང་གི་མཛད་པའི་སྒྲུབ་ཐབས། ཡིད་བཞིན་ནོར་བུའི་ཕྲེང་བ་རྣམས་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། སློབ་དཔོན་དཔལ་འཛིན། ཨ་ནུ་པ་མ་རཀྵི་ཏ། རཏྣ་ཨ་ཀཱ་ར་ཤནྟི། དྷརྨ་ཨ་ཀ་ར་ཤནྟི། ནྱ་ཀ་པ། བིཀྵ་ཏ་དེ་བ། ཁ་ཆེ་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། ཆོས་རྗེ་འཇམ་གསར། རོང་པ་རྒྭ་ལོ། གཡག་སྡེ་ལོ་ཙཱ་བ། མངའ་རིས་པ་སངས་རྒྱས་ཡེ་ཤེས། བག་སྟོན་པ། གནས་པོ་ཆེ་བ་རྡོ་རྗེ་དཔལ། སློབ་དཔོན་ཨཱརྻ། ཆོས་དཔལ་བ། གྲགས་དོན་པ། ཆོས་རྗེ་པ། བདག་གོ། ༈ །བིརྺ་པས་མཛད་པའི་འཁོར་ལོ་ལ་བརྟེན་པའི་སྒྲུབ་ཐབས། བློ་བཟང་སྙིང་པོས་མཛད་པའི་གཏོར་མ་ལ་བརྟེན་པའི་སྒྲུབ་ཐབས། དཔལ་འཛིན་གྱིས་མཛད་པའི་འཁོར་ལོ་ལ་བརྟེན་པའི་སྒྲུབ་ཐབས། རྫོགས་པའི་རྣལ་འབྱོར་ཞེས་བྱ་བའི་སྒྲུབ་ཐབས། ལག་མཆོད། དུས་ཐ་མའི་ཆོ་ག བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་སྔགས་བཏུ་བ། ལྷ་མོ་བཞིའི་ལས་ཚོགས་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བི་རུ་པ། ཌོཾ་བྷི་ཝ། དཔལ་འཛིན། ཨ་བྷྱ་ཀ་ར། བློ་བཟང་སྙིང་པོ། བི་བྷུ་ཏ་ཙནྡྲ། སེ་རིན་ཆོས་བཟང༌། ཐར་པ་ལོ་ཙཱ། སློབ་དཔོན་དཔལ་གཞོན། བླ་མ་ཀུན་ལེགས། བླ་མ་ཨཱརྻ། ཆོས་དཔལ་བ། གྲགས་དོན་པ། ཆོས་རྗེ་པ། བདག་གོ། ༈ །བླ་མ་ལྔ་བཅུ་