R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༦
[A:༣༠༦]བཞིའི་ལས་ཚོགས་ཀྱི་སྒྲུབ་ཐབས་སོ་སོ་དྲུག་པོའི་སྦྱིན་སྲེག ལྷ་ལྔ་མ་དང༌། བཅུ་གསུམ་མའི་མདུན་བསྐྱེད་ཀྱི་མཎྜལ་མཆོད་ཆོག་དེ་རྣམས་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ། དཔལ་འཛིན། བི་ར་ཌི་པ། མ་ཏི་པ། ཛ་བ་རི་པ། བི་བྷཱུ་ཏི་ཙཎྜ། གློ་བོ་ལོ་ཙཱ་བ། འགྲོ་མགོན་འཕགས་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། སློབ་དཔོན་གྲགས་རྒྱལ། གླང་རི་སྒང་པ་བྱང་ཆུབ་རྒྱལ་མཚན། སློབ་དཔོན་ཨཱརྻ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ལྷ་བཅུ་གསུམ་མའི་སྒྲུབ་ཐབས། དེའི་དཀྱིལ་ཆོག ལྷ་ལྔའི་སྒྲུབ་ཐབས་བིརྺ་པས་མཛད་པ། བློ་བཟང་སྙིང་པོས་མཛད་པའི་ལྷ་ལྔའི་སྒྲུབ་ཐབས། ལས་ཕྲེང་ས་གཅད་དང་བཅས་པ། འཁྲུལ་འཁོར་ཕྲེང་བ། བིརྺ་པས་མཛད་པའི་ལྷན་སྐྱེས་སྒྲུབ་ཐབས། བྱང་ཆུབ་བཟང་པོས་མཛད་པའི་འཁྲུལ་འཁོར་གསལ་བྱེད། དུས་འཁོར་ནས་བྱུང་བའི་འཁྲུལ་འཁོར་ངེས་འབྱེད་རྣམས་དང༌། བཻ་རོ་ཙཱ་ན་རཀྵི་ཏས་མཛད་པའི་ལྷན་སྐྱེས་སྒྲུབ་ཐབས། བིརྺ་པ་དང༌། དཔལ་འཛིན་གྱིས་མཛད་པའི་གཏོར་ཆོག་རྣམས་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ། དཔལ་འཛིན། བི་ར་ཌི་པ། མ་ཏི་པ། ནིསྐ་ལཾ་ཀ་དེ་བ། བལ་པོ་རེ་ཝནྡྲ་བྷ་དྲ་པྲ་བྷ་བ། གློ་བོ་ལོ་ཙཱ་བ། ཆོས་རྒྱལ་འཕགས་པ། འཇམ་དབྱངས་གྲགས་རྒྱལ། གླང་རི་སྒང་པ། སློབ་དཔོན་ཨཱརྻ། བླ་མ་ཆོས་དཔལ་བ། གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཡང༌། བིརྺ་པས་མཛད་པའི་ལྷ་ལྔ་དང་ལྷན་སྐྱེས་སྒྲུབ་ཐབས། དཔལ་འཛིན་གྱིས་མཛད་པའི་གཏོར་ཆོག ལྷ་ལྔའི་མཎྜལ་མཆོད་པ། བྱང་ཆུབ་སྙིང་པོས་མཛད་པའི་འཁྲུལ་འཁོར་གསལ་བྱེད། དུས་འཁོར་ལུགས་ཀྱི་འཁྲུལ་འཁོར། འཁྲུལ་འཁོར་ཕྲེང་བ་རྣམས་ཀྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ། ཌོཾ་བྷི་ཝ། བི་ར་ཌི་པ། གམྦྷི་ར་མ་ཏི། རྡོ་རྗེ་གདན་