R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༨
[A:༣༠༨]པ། རྩ་ལྟུང་བཅུ་བཞི་པ་སློབ་དཔོན་དཔའ་བོས་མཛད་པ། དེའི་བཤགས་པ་ཨིནྡྲ་བོདྡྷིས་མཛད་པ། འཆི་བ་བསྲུང་བ། འཁོར་ལོའི་གསལ་བྱེད་དཱ་ན་ཤཱི་ལས་མཛད་པ། འཁོར་ལོའི་དོན་རྒྱས་པར་བཤད་པ། ཚོགས་ཀྱི་འཁོར་ལོ། ངོ་སྤྲོད་འགྲེལ་པ་དཔལ་འཛིན་གྱིས་མཛད་པ། མཆོད་རྟེན་སྒྲུབ་པའི་ཆོ་ག་མདོར་བསྡུས། བསྲུང་བའི་འཁོར་ལོའི་སྒྲུབ་ཐབས། མཎྜལ་གྱི་ཆོ་ག་གཉིས། མཆོད་ཆོག་ནག་པོ་པས་མཛད་པ། མདུན་བསྐྱེད་མཎྜལ་གྱི་ཆོ་ག་གཉིས། མཆོད་ཆོག་ནག་པོ་པས་མཛད་པ། མདུན་བསྐྱེད་མཎྜལ་གྱི་ཆོ་ག་ཀ་མ་ལ་ར་ཏྲི་ཏས་མཛད་པ། ཆོས་ཀྱི་སྐུའི་སྣང་བའི་ཆོ་ག རོ་བསྲེག་རྣམས་ཀྱི་བརྒྱུད་པ་ནི། དཱ་ན་ཤཱི་ལ། གཡག་སྡེ་ལོ་ཙཱ། བསོད་ནམས་སེང་གེ སློབ་དཔོན་བྱང་ཆུབ་ཚུལ་ཁྲིམས། ཕྱར་སྨྱོན། མངའ་རིས་པ་སངས་རྒྱས་དཔལ། སློབ་དཔོན་ཀུན་ལེགས། བླ་མ་ཨཱརྻ། ཆོས་དཔལ་བ། གྲགས་དོན་པ། ཆོས་རྗེ་པ། བདག་གོ། ༼ཕི་༽པ་ལ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་བི་མ་ལ་མི་དྲས་མཛད་པ། གཉགས་ཛྙཱ་ན་ཀུ་མ་རའི་འགྱུར་ཐོས་པའི་བརྒྱུད་པ་ནི། བླ་མ་གསེར་སྡིངས་པ། མཁན་པོ་ཆོས་དར། སློབ་དཔོན་གནམ་ལྕགས་པ། མཁན་ཆེན་ཤེས་རྡོར་བ། ཆོས་དཔལ་ཤེས་རབ་གྲགས་དོན་པ། ཆོས་རྗེ་པ། བདག་གོ། ༈ །མཚན་བརྗོད་ཀྱི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྣལ་འབྱོར་ཆེན་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་བྱས་པ་ཐོས་པའི་བརྒྱུད་པ་ནི། ལོ་ཆོག བྱང་ཆེན་པ། སློབ་དཔོན་བསོད་ནམས་འཕེལ། སློབ་དཔོན་གནམ་ལྕགས་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །འཇམ་དཔལ་གྱི་སྒྲུབ་ཐབས་ཞི་བ་འོད་ཀྱི་