R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༥
[A:༣༠༥]བརླབས། དྲག་པོའི་སྦྱིན་སྲེག་ཕྱིར་བཟློག་གི་མན་ངག་སྟེ་དྲུག་སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ། ཌོཾ་བྷི་ཧེ་རུ་ཀ དཔལ་འཛིན། གཾ་བྷི་ར་མ་ཏི། ཛ་བ་རི་པ། དར་པཎ་ཨཱ་ཙཱརྻ། གློ་བོ་ལོ་ཙཱ་བ། བླ་མ་དོལ་པོ་བ་དབང་བརྩོན། མཁས་བཙུན་ཤེས་རབ་དར། ཏེ་ར་བ་བྱམས་མགོན། བླ་མ་རྡོ་རྗེ་དཔལ། སློབ་དཔོན་ཨརྻ། ཀུན་དགའ་ཡེ་ཤེས། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཤིན་དུ་སྤྲོས་པ་འདོད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་མཛད་པ། འོད་གསལ་འཆར་བའི་རིམ་པ་བི་རུ་པས་མཛད་པ། འཚོ་བའི་དེ་ཁོ་ན་ཉིད་ཀྱི་མན་ངག་དར་པཎ་གྱིས་མཛད་པ་དང་གསུམ་གྱི་བརྒྱུད་པ་ནི། གཤིན་རྗེ་གཤེད། བིརྺ་པ། ཌོཾ་བྷི་ཝ། བི་ར་ཌི་པ། མ་ཏི་པ། ཛ་བ་རི་པ། དར་པཎ། གློ་བོ་ལོ་ཙཱ་བ། བླ་མ་ས་པ། བླ་མ་མཆོག་ལྡན། བླ་མ་མཉམ་མེད་པ། སློབ་དཔོན་ཨཱརྻ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཤིན་དུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཀྱི་བརྒྱུད་པ་ནི། གློ་བོ་ལོ་ཙཱ་བ་ཡན་འདྲ། བླ་མ་བློ་གྲོས་དཔལ་ལོ་མཆོག བླ་མ་དཔལ་ལྡན་པ། མཁན་ཆེན་བུ་སྟོན་པ། ཆོས་རྗེ་བསོད་རྒྱལ་བ། ཆོས་རྗེ་བྱང་ཆུབ་རྩེ་མོ། སློབ་དཔོན་ཨཱརྻ། བླ་མ་ཆོས་དཔལ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཡང༌། སྤྲོས་མེད་སྐོར་གསུམ། འོད་གསལ་འཆར་བའི་བྱིན་བརླབས། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་རྒྱས་བསྡུས། བདུད་རྩིའི་བྱིན་བརླབས། འོད་འཛིན་མའི་བྱིན་བརླབས། འཕོ་བའི་བྱིན་བརླབས། ཕྱིར་བཟློག་མན་ངག་དྲུག་གི་བྱིན་བརླབས། འཁོར་ལོ་རྩིབས་བཅུ་གཉིས་པའི་བྱིན་བརླབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་གཏོར་ཆོག ཡུམ་