R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༤
[A:༣༠༤]སྒྲུབ་ཐབས་དང༌། རིན་ཆེན་ཕྲེང་བ་མའི་སྒྲུབ་ཐབས་དང༌། ཀླུ་མོའི་སྒྲུབ་ཐབས་དང༌། ཀླུ་མོ་ནོར་སྐྱོང་ཞལ་མའི་སྒྲུབ་ཐབས་དང༌། ཀླུ་མོ་ཨཱཿཕུ་ཞེས་བྱ་བའི་མན་ངག་དང༌། ཡིད་འཕྲོག་མའི་སྒྲུབ་ཐབས་དང༌། ལེགས་པར་དགའ་བའི་སྒྲུབ་ཐབས་དང༌། སྤྱན་ཡངས་མའི་སྒྲུབ་ཐབས་དང༌། འདོད་ཆགས་དགའ་མའི་སྒྲུབ་ཐབས་དང༌། གཞན་གྱི་མི་ཐུབ་པ་ཨ་པ་ཙི་ཏའི་སྒྲུབ་ཐབས་དང༌། ལྷག་པར་རྒྱལ་བ་མི་ཕམ་པའི་སྒྲུབ་ཐབས་དང༌། གང་བ་བཟང་པོའི་སྒྲུབ་ཐབས་དང༌། འབྱུང་མོ་ཆེན་མོ་མཛེས་མའི་སྒྲུབ་ཐབས་དང༌། དཔལ་རྒྱལ་བའི་མཛེས་མའི་སྒྲུབ་ཐབས་དང༌། དྲི་མེད་མཛེས་མའི་སྒྲུབ་ཐབས་དང༌། ཤ་ཟ་པི་ལུ་སའི་སྒྲུབ་ཐབས་དང༌། ཤ་ཟ་ནོར་བུ་འཛིན་པའི་སྒྲུབ་ཐབས་དང༌། ཤ་ཟ་འདྲེ་ནག་པོའི་སྒྲུབ་ཐབས་དང༌། ཤ་ཟ་ནག་པོ་སྙིང་པོའི་སྒྲུབ་ཐབས་དང༌། ཤ་ཟ་མའི་སྒྲུབ་ཐབས་དང༌། ཨ་ལུ་ཀའི་སྒྲུབ་ཐབས་དང༌། ཨ་ལ་སྦས་པ་ཞེས་བྱ་བའི་སྒྲུབ་ཐབས་དང༌། བོང་བུ་གདོང་ཅན་མའི་སྒྲུབ་ཐབས་དང༌། ཤ་ཟ་ཨ་ལུམྦི་ནའི་སྒྲུབ་ཐབས་དང༌། ཨུ་ཙྪུཥྨ་ཞེས་བྱ་བའི་སྒྲུབ་ཐབས་དང༌། ཀྵུ་ཀྵུ་པི་རི་ཀུནྟའི་སྒྲུབ་ཐབས་དང༌། ཤ་ཟ་མོ་རྣ་བ་འཛིན་པ་ཐམས་ཅད་བསྲུངས་བའི་འདྲེ་མོའི་སྒྲུབ་ཐབས་དང༌། ཤ་ཟ་ནག་མོའི་སྒྲུབ་ཐབས་དང༌། བྱ་བ་སྤྱོད་པ་རྣལ་འབྱོར་རྣམས། །དེ་རྣམས་དོན་ལ་ཁྱད་མེད་ཀྱང༌། །སེམས་ཅན་བསམ་པ་ཐ་དད་ཕྱིར། །དེ་རྣམས་ཕྱེ་ནས་བསྟན་པའོ། །ཞེས་པའི་འཕྲོས་དང་བཅས་པ་རྣམས་སློབ་དཔོན་ཤེས་རབ་སྐྱོང་གིས་མཛད་པ། དཱ་ན་ཤཱི་ལས་སྲིན་པོ་རིར་རང་འགྱུར་མཛད་པ་རྣམས་ཀྱི་ལུང་ལེགས་པར་ཐོས་པའི་བརྒྱུད་པ་ནི།
དེ་ལྟར་ཆོས་ཀྱི་རྣམ་གྲངས་སྨོས་ནས། འདི་ནས་གོང་གི་ཆོས་ཚན་སོ་སོའི་བརྒྱུད་པར་སྣང་བ། ད་དུང་ཅུང་ཟད་བསྟན་དགོས་པ་ཡོད་དོ
།། རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་དང༌། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་རྒྱས་བསྡུས་ལྷ་མོ་འོད་འཛིན་མའི་སྒྲུབ་ཐབས། དེའི་བྱིན་རླབས། འཕོ་བའི་མན་ངག དེའི་བྱིན་