R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༣
[A:༣༠༣]མཛད་པ་དང༌། དཔལ་གཤིན་རྗེ་གཤེད་ཀྱི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མན་ངག་དརྤན་ཨཱ་ཙརྻས་མཛད་པ། གློ་བོ་ལོ་ཙཱ་བའི་འགྱུར་དང༌། གཤིན་རྗེ་གཤེད་མཐར་བྱེད་དམར་པོའི་བྱིན་གྱིས་བརླབ་པའི་རིམ་པ་བྲམ་ཟེ་དཔལ་འཛིན་གྱིས་མཛད་པ་འགྱུར་གོང་བཞིན་ནོ། །ལྷ་མོ་འོད་འཛིན་མའི་ཏིང་ངེ་འཛིན་གྱི་བཅུད་ལེན་གྱི་བྱིན་བརླབ་དཔལ་འཛིན་གྱིས་མཛད་པ། དེ་བ་ཨཱ་ཀཱ་ར་དང༌། རིན་ཆེན་བཟང་པོའི་འགྱུར་ལས། དརྤན་ཨཱ་ཙཱརྻ་དང༌། ཞེ་སྡང་རྡོ་རྗེས་བཅོས་པ་དང༌། འོད་འཆང་མའི་སྒྲུབ་ཐབས་ཏིང་ངེ་འཛིན་གྱི་བཅུད་ལེན་གྱི་མན་ངག་དཔལ་འཛིན་གྱིས་མཛད་པ། ལོ་པཎ་སྔ་མ་བཞིན་དང༌། མེའི་ལྷ་མཆོད་པ་དྲག་བྱེད་མེའི་ཆོ་ག་ཞེས་བྱ་བ། དཔལ་འཛིན་གྱིས་མཛད་པ། དརྤན་དང་ཤེས་རབ་རྒྱལ་མཚན་གྱིས་འགྱུར་དང༌། བདུད་རྩི་བྱིན་གྱིས་བརླབ་པའི་རིམ་པ། དཔལ་བི་རུ་པས་མཛད་པ། དརྤན་ཨཱ་ཙཱརྻ་དང༌། ཞེ་སྡང་རྡོ་རྗེའི་འགྱུར་དང༌། བསྲུང་བའི་འཁོར་ལོའི་བྱིན་བརླབས་དང་ཕྱིར་མི་བཟློག་པའི་མན་ངག་དཔལ་འཛིན་གྱིས་མཛད་པ། ཕྱིར་བཟློག་པའི་མན་ངག་གསང་བ་ལས་ཀྱང་ཆོས་གསང་བ་དཔལ་འཛིན་གྱིས་མཛད་པ། ཨ་ནུ་པ་མ་རཀྵི་ཏ་དང༌། དར་མ་ཡོན་ཏན་གྱིས་བསྒྱུར་བ་ལས། དརྤན་དང་གློ་བོ་ལོ་ཙཱ་བས་དག་པར་བྱས་པ། གཤིན་རྗེ་གཤེད་དམར་པོའི་ལས་ཀྱི་ཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་རྣམས་ཐོས་པ་ལས་རྐང་གྲངས་ནི། ལོངས་སྤྱོད་ཅན་མའི་རྟོག་པ་དང༌། དགའ་བས་ཚིམ་པའི་རྟོག་པ་དང༌། གནོད་སྦྱིན་ན་ཌ་ཕོ་མོའི་སྒྲུབ་ཐབས་དང༌། གནོད་སྦྱིན་མོ་སའི་བདག་མོ་བཀྲ་ཤིས་མའི་སྒྲུབ་ཐབས་དང༌། གནོད་སྦྱིན་དགའ་བྱེད་ཀྱི་སྒྲུབ་ཐབས་དང༌། གནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས་དང༌། བརྡེག་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བའི་རྟོག་པ་དང༌། དཔལ་ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས་དང༌། འཕྲོག་མ་རྣ་ཆ་འཛིན་མའི་