R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༢
[A:༢༩༢]རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེ་ལ་བདག་གིས་སོ།། ༼ར༽པ་ལ། ཡང་དག་གི་སྐོར་ཐོབ་པ་ལ། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཧཱུྃ་མཛད་རྡོ་རྗེས་མཛད་པ། བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་ལྷ་རིན་པོ་ཆེས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཤྲཱི་ཧེ་རུ་ཀ རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། སངས་རྒྱས་བསང་བ། ཧཱུྃ་མཛད་རྡོ་རྗེ། པདྨ་སཾ་བྷ་ཝ། བི་མ་ལ་མི་ཏྲ། བལ་པོ་ཤཱཀྱ་མཉྫུ། སྣ་ནམ་རྡོ་རྗེ་བདུད་འཇོམས། གཉགས་ཉི་མ་ཀུ་མ་ར། འཁོན་རྡོ་རྗེ་རིན་ཆེན། བླ་མ་ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་མཐོང༌། དགེ་སྐྱབས། བལ་པོ། ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་དགའ་སྙིང་པོ། གན་པ་སྟོན་དར། པྲ་ཛྙཱ་མ་ཏི། གན་པ་ཆོས་རྒྱལ། གན་པ་ཉིན་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཡང་དག་མར་མེ་གཅིག་པའི་སྐོར་ལ། དཔལ་ཧེ་རུ་ཀའི་སྒྲུབ་ཐབས། སློབ་དཔོན་ཧཱུྃ་མཛད་ཀྱི་ཞལ་སྔ་ནས་མཛད་པ་བཛྲ་སིངྷ་དང༌། རྨ་རིན་ཆེན་མཆོག་གིས་བསྒྱུར་བ། ལོ་ཙཱ་བ་ཕྱི་མ་དག་གིས་སུམ་གཏུགས་སུ་ཞུས་ཆེན་བགྱིས་པ་ཐོས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བའི་དངོས་གྲུབ། སངས་རྒྱས་གསང་བ། དགེ་སློང་སོག་སྐྱ་སྡེ་པ། རྒྱ་གར་ཧཱུྃ་ཀ་ར། ཨུ་རྒྱན་པདྨ། བི་མ་ལ་མི་ཏྲ། གཉགས་ཛྙཱ་ན་ཀུ་མ་ར་དང༌། སྣུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག སྣུབས་བརླན་བྱང་