R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༡
[A:༢༩༡]རྩ་བ་དང་འདྲ་བ་སློབ་དཔོན་ཆོས་ཀྱི་ཞབས་ཀྱི་ཞལ་སྔ་ནས་མཛད་པ། སྒྱུ་འཕྲུལ་ཆེན་མོའི་རྫོགས་རིམ་གྱི་མན་ངག་ཞི་བ་བཟང་པོ་དང༌། མགོས་ལྷས་བཙས་ཀྱིས་བསྒྱུར་བ་རྣམས་ཀྱི་བརྒྱུད་པ་ནི། གོང་གི་རྨོངས་པ་དགྲོལ་བའི་བརྟགས་སོགས་བཞིན་ནོ། །སྒྱུ་འཕྲུལ་ཆེན་པོའི་སྒྲུབ་ཐབས། རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ། སློབ་དཔོན་ཞི་བ་བཟང་པོ་དང༌། མགོས་ལྷས་བཙས་ཀྱིས་བསྒྱུར་བའི་བརྒྱུད་པ་ནི། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་རིན་ཆེན་འབྱུང་གནས་བཞིན་ཏེ། ཀུ་ཀུ་རི་པས་མཛད་པ། ཞི་བ་བཟང་པོ་དང༌། ལྷ་བཙས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྨོངས་པ་སྒྲོལ་བ་བཞིན་ནོ། །སློབ་དཔོན་ཨཱརྻ་དེ་བས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་ཞེས་བྱ་བ། ག་ཡ་དྷ་ར་དང༌། མགོས་ལྷས་བཙས་ཀྱིས་བསྒྱུར་བ་དང༌། ཤིང་གཅིག་པའི་དཀའ་འགྲེལ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ་གཉིས་ཀྱི་བརྒྱུད་པ་ནི། མཆན་ཁུང་སྦྱོར་བ་དང་འདྲའོ།། ༼ཡ༽པ་ལ། སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་མི་འཇིགས་གཞུང་འགྲེལ་ཚིགས་སུ་བཅད་པ་རྒྱ་ཕྲག་བཅུ་དྲུག་པ། ཨ་བྷ་ཡ་ཀ་རས་མཛད་པ། དཾཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ། སྤྱི་པོ་ལྷས་པ་མཁན་པོ་འཇམ་དཔལ་སེར་པོའི་གསུང་གིས་བསྐུལ་ཏེ། ལེའུ་དང་པོ་དང༌། གསུམ་པ། བཞི་པ། བཅུ་གསུམ་པའི་ཧར་ཁོངས་བསབས་ཤིང་ལྷག་མ་རྣམས་ཞུ་ཆེན་བགྱིས་ནས་བསྒྱུར་བ་འདིའི་འགྱུར་སྔ་མ་ནི་དིང་རི་ཆོས་གྲགས་ཡིན་གསུང༌། འདིའི་བརྒྱུད་པ་ནི། སྲིའུ་ཆུང་པ་བློ་ལྡན་སེང་གེ བྱང་རྡོར། སངས་རྒྱས་དཔལ་བ། བླ་མ་སེང་རྒྱལ། བཀའ་བཅུ་པ། སྤྲུ་སྟོན་བསོད་