R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༣
[A:༢༩༣]སྙིང༌། ཟུར་ཤེས་རབ་འབྱུང་གནས། ལྷ་རྗེ་འུག་པ་ལུང་པ། ལྷ་རྗེ་བདེ་གཤེགས། ལྷ་རྗེ་ཁུན་པུ་བ། ལྷ་རྗེ་སྒྲོ་ཕུག་པ། ལྷ་རྗེ་རྒྱ་ནག ལྷ་རྗེ་རྡོ་རྗེ་ཡེ་ཤེས་གཟུངས། སྙེ་སྟོན་ཉི་མ་རྡོ་རྗེ། སངས་རྒྱས་སྟོན་སྒྲ། རྟ་སྟོན་གཟི་བརྗིད། སློབ་དཔོན་སེང་གེ་མེ་ཏོག བླ་མ་ཀུན་བསོད་པ། གན་པ་རིན་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ཧཱུྃ་མཛད་རྡོ་རྗེས་མཛད་པ་བིདྱཱ་ཀ་ར་སིངྷ་དང༌། ལྷ་རིན་པོ་ཆེའི་འགྱུར་ཐོས་པའི་བརྒྱུད་པ་ནི། གོང་གི་ཧེ་རུ་ཀའི་སྒྲུབ་ཐབས་བཞིན་ནོ། །དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་སྒྲུབ་པ་ཞེས་བྱ་བ། ཟླ་གམ་གཅིག་པ་ཧཱུྃ་ཀ་རས་མཛད་པ། དེ་ཉིད་སྣུབས་ནམ་མཁའ་སྙིང་པོས་བསྒྱུར་བ་དང༌། དཔལ་རྡོ་རྗེ་སེམས་དཔའི་རྗེས་སུ་དྲན་པའི་ཆོ་ག་ཞེས་བྱ་བ། སློབ་དཔོན་ཐུ་བོ་རཱ་ཛཱ་ཧ་ཏིས་མཛད་པ་གཉིས་ཀྱི་བརྒྱུད་པ། མར་མེ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས་བཞིན་ནོ།། ༼ལ༽པ་ལ། ཐུགས་རྗེ་ཆེན་པོ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། སྤྱིའི་མངོན་པར་རྟོགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་ཉི་མ་སྦས་པས་མཛད་པ་ལེའུ་ཉེར་གཅིག་པ་མལ་གྱོ་འགྱུར། ཡང་དེའི་སྒྲུབ་ཐབས་ལས་ཚོགས་ལེའུ་ཉེར་ལྔ་པ་དང་བཅས་པ། ཉི་མ་སྦས་པས་མཛད་པ། མཉྫུ་ཤྲཱི་དང་མལ་གྱོ་འགྱུར་གཉིས་ཐོས་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཀླུ་སྒྲུབ། ཉི་མ་སྦས་པ། པཎྜི་ཏ་དཱ་ན་ཤྲཱི། པཎྜི་ཏ་མཉྫུ་ཤྲཱི། མལ་གྱོ་བློ་གྲོས་གྲགས་པ། ས་ཆེན་ཀུན་སྙིང༌། རྗེ་བཙུན་གྲགས་པ་རྒྱལ་མཚན། མཆིམས་ཆོས་ཀྱི་སེང་གེ ཆོས་རྗེ་འཇམ་གསར། རོང་པ་རྒྭ་ལོ། བླ་མ་ཤེས་རབ་སེང་གེ མཁས་བཙུན་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་