R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༩༠
[A:༢༩༠]འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དེས་མཛད་པ། ན་ཁི་ཀོ་ཏ་དང༌། ལྷས་བཙས་ཀྱིས་བསྒྱུར་བ་དང༌། མ་ཧཱ་མཱ་ཡཱའི་དཀྱིལ་འཁོར་གྱི་ལྷ་ལ་ཀུ་ཀུ་རི་པས་ཞལ་གཟིགས་པའི་ཚེ་བསྟོད་པ་དེ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སངས་རྒྱས་མཁའ་འགྲོ། ཀུ་ཀུ་རི་པ། བུདྡྷ་པ། ཆོས་ཀྱི་བཟང་པོ། ཞི་བ་བཟང་པོ། མར་པའོ། །ཡང༌། རྡོ་རྗེ་འཆང༌། སངས་རྒྱས་མཁའ་འགྲོ། ཀུ་ཀུ་རི་པ། ནཱ་རོ་པ། མར་པ། རྔོག་ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད་གྲགས་པ། རིན་ཆེན་བཟང་པོ། ཆོས་ཀྱི་རྒྱལ་མཚན། རིན་པོ་ཆེ་དོན་གྲུབ་དཔལ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དཔལ་གདན་བཞིའི་སྒྲུབ་ཐབས་སློབ་དཔོན་བྷ་བ་བྷ་དྲས་མཛད་པ། མགོས་ལྷས་བཙས་ཀྱིས་བསྒྱུར་བ་དང༌། ཆུའི་སྦྱིན་སྲེག་གི་རིམ་པ་སློབ་དཔོན་བྷ་བ་བྷ་དྲའི་མན་ངག་ཚུལ་ཁྲིམས་གཞོན་ནུས་བསྒྱུར་བ་དང༌། བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་དང༌། ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རྣམ་པར་རྒྱལ་བའི་དབང་པོའི་སྡེས་མཛད་པ་དང་གསུམ་གྱི་བརྒྱུད་པ་ནི། མཆན་ཁུང་སྦྱོར་བ་དང་འདྲའོ། །གདན་བཞིའི་དེ་ཁོ་ན་ཉིད་བཞིའི་རབ་ཏུ་བྱེད་པ། ཛེ་ཏ་རིས་མཛད་པ། ག་ཡ་དྷ་ར་དང༌། མགོས་ལྷས་བཙས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཛེ་ཏ་རི་པ། ནཱ་རོ་པ། མར་པ། རྔོག་ཆོས་རྡོར། རྔོག་མདོ་སྡེ། སློབ་དཔོན་ཐོགས་མེད། བླ་མ་ཤཱཀྱ་གཞོན་ནུ། བླ་མ་བློ་ལྡན་སེང་གེ ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། །སྒྱུ་མ་ཆེན་མོའི་དེ་ཁོ་ན་ཉིད་ཀྱི་མན་ངག སློབ་དཔོན་བློ་བཟངས་སྙིང་པོ་སྟེ་ཀུ་ཀུ་རི་པས་མཛད་པ་འགྱུར་རྩ་བ་དང་འདྲ་བ་དང༌། དེས་མཛད་པའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་འགྱུར་