R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༢
[A:༢༨༢]ར། འབྲོག་མི་ལོ་ཙཱ་བ། སྤུག་ཐམས་ཅད་མཁྱེན་པ། སྤུག་ལྷ་ཁང་པ། ཇོ་གདན་གཉལ་པ། ལོ་མཆོག བློ་ཆེན་སངས་རྒྱས་སྲས། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཀྱེའི་རྡོ་རྗེའི་རྣམ་འགྲེལ་བྷ་ཝ་བྷ་ཏྲས་མཛད་པ། པཎྜི་ཏ་པུཎྱ་ཀརྟི་དང༌། ལོ་ཙཱ་བ་སེ་བསོད་ནམས་རྒྱལ་མཚན་གྱི་འགྱུར་ཐོས་པའི་བརྒྱུད་པ་ནི། བཛྲ་པཱ་ཎི། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། རིན་ཆེན་བཟང་པོ། བྱའུ་རྒྱལ། ཆོས་དབང༌། ཆོས་མཆོག ཤཱཀྱ་བསྟན། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼མ༽པ་ལ། ཀྱེའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀརྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ནག་པོ་པ། ནག་པོ་ཆུང་བ། དམ་ཚིག་རྡོ་རྗེ། མགོས་ལོ་ཙཱ་བ། རྒྱལ་གླིང་པ། ལྕེ་ཨེན་ཚ། སྤུག་སྟག་ཚལ་པ། ལྷོ་པ་ཐམས་ཅད་མཁྱེན་པ། རྒྱལ་ཚ་ལུང་མངས་པོ། ལོ་མཆོག བློ་ཆེན། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དྷཾ་ཀ་ད་ཤས་མཛད་པ། ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། གྲུབ་པའི་སློབ་དཔོན་དྷཾ་ཀ་ད་ཤ། ཡིད་ཀྱི་ཤིང་རྟ་རཏྣ་ཤྲཱི་བྷ་ཏྲ། སཾ་གྷ་བྷ་ཏྲ། ཞི་བའི་བློ་གྲོས་རྣམ་པར་དུལ་བ་བཟང་པོ། རིན་ཆེན་འབྱུང་གནས་