R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༡
[A:༢༨༡]དང༌། ལོ་ཙཱ་བ་ཁུ་ནེ་ཙོས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། མཁའ་སྤྱོད་མ་དཀར་མོའི་བསྟོད་པ་ཇོ་བོ་རྗེས་མཛད་པ་དང་མཐུན་ནོ།། ༼བ༽པ་ལ། དཔལ་ཀྱེའི་རྡོ་རྗེའི་བསྡུས་པའི་དོན་འགྲེལ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་མཛད་པའི་ལེའུ་ལྔ་པ་ཡིན། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་འབྲོ་སེ་དཀར་ཤཱཀྱ་འོད་ཀྱིས་བསྒྱུར་བ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་སུ་བྷུ་ཏི་ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་བསྒྱུར་བ། ཡང༌། སླད་ཀྱི་རྒྱ་གར་གྱི་མཁན་པོ་རྒྱལ་པོའི་སྲས་འཇིགས་མེད་ལྷའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་སྙེལ་ཅོར་དགེ་སློང་པྲ་ཛྙཱ་ཀིརྟིས་ཡུལ་དབུས་ཀྱི་རྒྱ་དཔེ་ལས་གཏན་ལ་ཕབ། སླར་ཡང༌། པང་བློ་གྲོས་བརྟན་པས་གཏན་ལ་ཕབ་པ་དང༌། ཀྱེའི་རྡོ་རྗེ་ངེས་དོན་གྱི་འགྲེལ་པ་ལེའུ་དྲུག་པ་མན་ཆད་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ། པཎྜི་ཏ་མཻ་ཏྲི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་པས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་སྙིང་པོ། རྡོ་རྗེ་ཌཱ་ཀི་མ། ཨ་ནུ་པ་མ་རཀྵི་ཏ། སཱ་དྷཱུ་པུ་ཏྲ། དྷརྨྨ་མི་ཏྲ། བི་ཁྱ་ཏེ་དེ་བ། ཤཱཀྱ་ཤྲཱི། ཆོས་རྗེ་ས་པཎ། སྤྱིལ་བུ་བ་ཤེས་རབ་འོད་ཟེར། ཁང་སྟོན་འོད་ཟེར་རྒྱལ་མཚན། སློབ་དཔོན་སངས་རྒྱས་སྲས། ལྷ་རྗེས་ཆོས་རྒྱལ། གར་ཐིག་པ་བསོད་རྒྱལ། བདེ་བ་ཅན་པ་སེང་རྒྱལ། བཀའ་བཅུ་པ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །བརྟག་གཉིས་ཀྱི་བཀའ་འགྲེལ་པད་མ་ཅན་ཞེས་བྱ་བ། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ། པཎྜི་ཏ་ཀྵི་ཏི་གརྦྷ་པ་དང༌། ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བོདྡྷི། འགྲེལ་མཛད་པདྨ་བཛྲ། བྲམ་ཟེ་དཔལ་འཛིན། ནག་པོ་པ། ག་ཡ་དྷ་