R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༣
[A:༢༨༣]བཟང་པོ། བྷུ་མི་ཤྲཱི། བི་མ་ལ་ཤྲཱི། ཤོངས་ལོ་ཙཱ་བ་བློ་གྲོས་བརྟན་པ། མཆོག་ལྡན་ལེགས་པའི་བློ་གྲོས། བློ་ཆེན། ཤཱཀྱ་བརྟན། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཙ༽པ་ལ། ཀྱེའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས། སློབ་དཔོན་ནག་པོ་པ་ཆུང་བས་མཛད་པ། པཎྜི་ཏ་དཔལ་ལྡན་ཟླ་བ་དང༌། ལོ་ཙཱ་བ་མགོས་ལྷ་བཙས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ནག་པོ་པ། མགོས་ལོ་ཙཱ་བ། ཤནྟི་པ། འབྲོག་མི་ལོ་ཙཱ་བ། དེ་གཉིས་ཀ་ལ་འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་པ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཁང་སྟོན་འོད་ཟེར་རྒྱལ་མཚན། བློ་ཆེན་པ། བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཀྱེའི་རྡོ་རྗེའི་འགྲེལ་པ་ཀུ་མུ་ཏི་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཨིནྟྲ་རུ་ཙི་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། གར་ཐིག་པ། སློབ་དཔོན་གྲུབ་པ་རྒྱལ་མཚན། ཆོས་རྗེ་བསོད་རྒྱལ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །ཀྱེའི་རྡོ་རྗེའི་འགྲེལ་པ་རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ། དཔལ་ནཱ་རོ་པས་མཛད་པ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་དང༌། དཔྱལ་ཆོས་ཀྱི་བཟང་པོས་བསྒྱུར་བ་ལས། པང་བློ་གྲོས་བརྟན་པས་འགྱུར་བཅོས་པ་ཐོས་པའི་བརྒྱུད་པ་ནི། སློབ་དཔོན་ལྷ་ཤེ། མཁན་པོ་བྱང་ཆུབ་གཟུངས། བླ་མ་དགེ་འདུན་བརྟན། ལོ་ཙཱ་བ་བློ་གྲོས་བརྟན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཀྱེའི་རྡོ་རྗེའི་འགྲེལ་པ་སློབ་དཔོན་པད་མའི་མྱུ་གུ་རྡོ་རྗེས་མཛད་པ། པཎྜི་ཏ་པདྨ་ཀཱ་ར་དང༌། ལོ་ཙཱ་བ་འཚུར་དབྱིག་གི་རྒྱལ་མཚན་གྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཆོས་རྗེ་པཎ་ཆེན། ཞང་རྒྱལ་བ་དཔལ། བླ་མ་རྡོ་རྗེ་འོད་ཟེར། རྒྱལ་ཚ་ལུང་མངས་པོ། ལོ་མཆོག བློ་ཆེན། བག་སྟོན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་