R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༨༠
[A:༢༨༠]མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང་ལོ་ཙཱ་བ་འཚུར་ཛྙཱ་ན་ཨཱ་ཀ་རས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། པཎྜི་ཏ་ཀོངྐ་བྱིན། པུཎྱ་ཤྲཱི། རེ་ཝེནྟྲ་བྷ་ཏྲ། ཆག་ལོ། གོ་ལུང་པ་མདོ་སྡེ་དཔལ། ཤོངས་རྡོ་རྗེ་རྒྱལ་མཚན། མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། ༈ །མཁའ་སྤྱོད་མ་དཀར་མོའི་བསྟོད་པ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཇོ་བོ་རྗེ། ཁྱུང་པོ། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་དར་མ་སེང་གེ གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ། མཁས་གྲུབ་ཆོས་རྗེ། ཞང་སྟོན་ཆོས་རྗེ། མཁས་པ་རྡོ་ཆུང་བ། བླ་མ་བཀའ་བཅུ་པ་གཞོན་ནུ་སེང་གེ མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །མཻ་ཏྲི་མཁའ་སྤྱོད་ཀྱི་རྗེས་གནང་གི་ཆོ་ག་པཎྜི་ཏ་ཛ་ཡ་སེ་ནས་མཛད་པ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ལོ་ཀེ་ཤྭ་ར། ཤ་བ་ར་པ། ཨ་ཝ་དྷཱུ་ཏི་པ། བཛྲ་པཱ་ཎི། ཀ་མ་ལ་བཛྲ། ཛ་ཡ་སེ་ན། ལོ་ཙཱ་བ་ཁང་གསར་བ། རྗེ་བཙུན་པ། ཆོས་རྗེ་པ། འུ་ཡུག་པ། ཞང་མདོ་སྡེ་དཔལ། ལོ་ཙཱ་མཆོག བསོད་སེང༌། ཕག་དྲུག་པ་བསོད་རྒྱལ་མཁན་ཆེན་པ། ཡང༌། ལོ་མཆོག བླ་མ་གཞོན་ཚུལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ། ཡང༌། རྣལ་འབྱོར་མའི་སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ། རྣལ་འབྱོར་མའི་བསྟོད་པ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་