R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༩
[A:༢༧༩]་རྣལ་འབྱོར་མའི་གསང་བ་སྦྱིན་སྲེག་གི་ཆོ་ག་སངས་རྒྱས་བྱིན་གྱིས་མཛད་པ། པཎྜི་ཏ་བྷ་རེནྟྲ་རུ་ཙི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཞུང་དྲུག་སྦྱིན་སྲེག་དང་བཅས་པ་བོད་ན་གྲགས་པའི་རིམ་པ་ལྟར་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། ལྕམ་ལཀྵྨི་ཀ་ར། བིརྺ་པ། ཨ་ཝ་དྷུ་ཏཱི་པ། ཤ་བ་ར་དབང་ཕྱུག སྟོང་ཉིད་ཏིང་ངེ་འཛིན་བཟང་པོ། བལ་པོ་ཧ་ངུ་དཀར་པོ། དཔྱལ་ཀུན་དགའ་རྡོ་རྗེ། རྗེ་བཙུན་ཀུན་དགའ་གྲགས། ལྷ་ལུང་པ་རྟག་པ་ཇོ་བཟངས། དཔྱལ་ཆོས་ཀྱི་བཟང་པོ། པད་མོ་ཅན་པ་ཉི་མ་དཔལ་བཟང་པོ། མཁན་ཆེན་གངས་པ་གཞོན་ནུ་ཡེ་ཤེས། དཔལ་རིན་ཆེན་བཟང་པོ། ཀུན་དགའ་ཉི་མ་དཔལ་བཟང་པོ། ཀུན་མཁྱེན་ཆོས་རྒྱལ་ཤེས་རབ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། །རྡོ་རྗེ་རྣལ་འབྱོར་མ་རུས་སྦལ་ཞབས་ཀྱི་སྒྲུབ་ཐབས་དང༌། ཀུརྨ་པཱ་ད་སེར་མོ་ཐུགས་ཀྱི་སྒྲུབ་ཐབས་གཉིས། པཎྜི་ཏ་ཨ་ནནྡ་ཀཱ་རའི་ཞལ་སྔ་ནས། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། ཤ་བ་ར་པ། མཻ་ཏྲི་པ། ན་ཡ་ཀ་པ། ད་པ་བ་ལ་ཤྲཱི། བིཀྵ་ཏ་དེ་ཝ། པཎྜི་ཏ་ཨཱ་ནནྡ་ཀ་ར། དཔྱལ་ལོ། རོང་པ་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བླ་མ་ཀུན་དགའ་ཉི་མ་དཔལ་དང༌། བླ་མ་ཀུན་མཁྱེན་པ། ཡང༌། དཔྱལ་ལོ། པདྨོ་ཅན་པ། བླ་མ་དགའ་ལྡན་པ། བླ་མ་ཉི་མ་དཔལ། བླ་མ་ཆོས་གྲུབ་གཞོན་ནུ་དཔལ། བླ་མ་ཀུན་དགའ་ཉི་མ་དཔལ། བླ་མ་ཀུན་མཁྱེན་པ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །རྣལ་འབྱོར་མའི་བཞེད་ཀྱི་སྦས་པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཀོངྐ་བྱིན་གྱིས་མཛད་པ། པཎྜི་ཏ་དྷ་པ་ལ་ཧའུ་དང༌། ལོ་ཙཱ་བ་རིན་ཆེན་གྲགས་པས་བསྒྱུར་བ། རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཀོངྐ་བྱིན་གྱིས་