R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༦
[A:༢༧༦]མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀྲིཥྞ་དང༌། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ། འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཀྱི་མན་ངག་ཕྱག་རྒྱ་ཆེན་པོ་གྲུབ་པ། དཔལ་དྲིལ་བུ་ཞབས་ཀྱི་མཛད་པ། པཎྜི་ཏ་པྲ་ཛྙཱ་བྷ་དྲ་དང༌། ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་པས་བསྒྱུར་བ། འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ། སློབ་དཔོན་དྲིལ་བུ་པས་མཛད་པ། ཀྲིཥྞ་པཎྜི་ཏ་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། ཕྱིས་སུ་མ་ཏི་ཀཱིརྟི་དང༌། དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བཅོས་པ་ཐོབ་པའི་བརྒྱུད་པ་ནི། བླ་མ་སེང་རྒྱལ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཟླ་བ་པས་མཛད་པ། སུ་མ་ཏི་ཀཱིརྟི་དང༌། མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་གཏན་ལ་ཕབ་པ་ཐོས་པའི་བརྒྱུད་པ་ནི། ཐང་ཚུལ་ཁྲིམས་མགོན་པོ། སློབ་དཔོན་དཀོན་མཆོག་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ནག་པོ་གཞུང་དྲུག་ལ། དཔལ་འཁོར་ལོ་བདེ་མཆོག་གི་མངོན་རྟོགས་ནག་པོ་པས་མཛད་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་ཆོག་ནག་པོ་པས་མཛད་པ། བུདྡྷ་ཤྲཱི་ཤཱནྟི་དང༌། རིན་ཆེན་བཟང་པོའི་འགྱུར་ལས། ག་ཡ་དྷ་ར་དང༌། ལྷས་བཙས་ཀྱི་གཏན་ལ་ཕབ་པ། དེས་མཛད་པའི་སྦྱིན་སྲེག་དྷརྨ་བྷ་དྲ་དང༌། རིག་པ་གཞོན་ནུས་བསྒྱུར་བ། དེས་མཛད་པའི་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ། པཎྜི་ཏ་བློ་གྲོས་བཟང་པོ་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བ། དེས་མཛད་པའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྫོགས་རིམ་བཤད་པ་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ག་ཡ་དྷ་ར་དང༌། མགོས་ལྷས་བཙས་ཀྱིས་