R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༥
[A:༢༧༥]རྒྱལ་བའི་སྡེ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཡོན་ཏན་གྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། པདྨ་བཛྲ། པདྨ་བཛྲ་ཆུང་བ། ཌོཾ་བྷི་བ། ཏཻ་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། དྷ་བྱང་སེམས། ཨ་བྷ་ཡ། དྷ་ཤྲཱི། རྒྱལ་བའི་སྡེ། ལོ་ཙཱ་བ་ཆོས་ཀྱི་ཡོན་ཏན། དེའི་དབོན་པོ་ས་མུ་དྲ། སྲས་སེང་རྒྱལ། བར་ཐང་པ་ཡབ་སྲས། སངས་རྒྱས་འབུམ། ཆོས་འོད། ཞང་ཤེས་རྒྱལ། བླ་མ་བསོད་ནམས་འཕེལ། ཡེ་ཤེས་མགོན། སེང་རྒྱལ། བཀའ་བཅུ་པ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ན༽པ་ལ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་མངོན་པར་རྟོགས་པ་ལཱུ་ཧི་པས་མཛད་པ། ཁ་ཆེ་བའི་མཁས་པ། ཤྲཱདྡྷ་ཀ་ར་ཝརྨྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས། སླད་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རྗེ་བཙུན་ན་བ་ཀོ་ཏི་པ་ཏིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་མགོས་ལྷས་བཙས་ཀྱིས་ཡུལ་ཤར་ཕྱོགས་ཀྱི་དཔེ་དང་བསྟུན་ཏེ་བཅོས་པ། དུས་ཕྱིས་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་འགྲེལ་པ་དང་བསྟུན་ནས་ཅུང་ཟད་བཅོས་པ་ཐོས་པའི་བརྒྱུད་པ་ནི། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །བདེ་མཆོག་ལྷ་ལྔའི་མངོན་རྟོགས་ཡིད་བཞིན་ནོར་བུ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་གཏན་ལ་ཕབ་པ་ཐོས་པའི་བརྒྱུད་པ་ནི། བླ་མ་སེང་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །འཁོར་ལོ་སྡོམ་པའི་དབང་བསྐུར་བའི་རིམ་པ་མདོར་བསྡུས་པ། སློབ་དཔོན་རྡོ་རྗེ་དྲིལ་བུས་