R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༤
[A:༢༧༤]འཐག་ཅེས་བྱ་བ། ཨ་ནུ་པ་མ་རཀྵི་ཏས་མཛད་པ། པཎྜི་ཏ་སུ་ག་ཏ་ཤྲཱི་དང༌། ལོ་ཙཱ་བ་དྷརྨྨ་ཀིརྟི་དང༌། རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། ཤོངས་ལོ་ཙཱ་བ་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། ལོ་ཙཱ་བ་བློ་བརྟན། ཆོས་རྗེ་བྱང་རྩེ། རིན་པོ་ཆེ་ཨ་མོ་གྷ་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཆ༽པ་ལ། བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲེལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། པཎྜི་ཏ་དཔལ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་བསྒྱུར་བ་ལས། ཤོངས་ལོ་ཙཱ་བ་བློ་གྲོས་བརྟན་པས་བཅོས་པ་ཐོས་པའི་བརྒྱུད་པ་ནི། ལྷོ་པ་ཐམས་ཅད་མཁྱེན་པ། རྒྱན་མཁར་ཁྱུང༌། གཡུ་ཕུག་པ་རྒྱལ་མཚན་དགེ་བ། ཤོངས་ལོ་ཙཱ་བ་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། སྒྲ་ཚད་པ་རིན་རྒྱལ། ལྷ་རྗེ་ཆོས་རྒྱལ། བླ་མ་བསོད་རྒྱལ། བླ་མ་སེང་རྒྱལ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཏ༽པ་ལ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ། སློབ་དཔོན་བྷ་བ་བྷ་དྲའི་ཞལ་སྔ་ནས་མཛད་པ་རིམ་པར་ཕྱེ་བ་ལྔ་བཅུ་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མགོས་ལྷས་བཙས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པ་ཐོས་པའི་བརྒྱུད་པ་ནི། བླ་མ་སེང་རྒྱལ་བ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ད༽པ་ལ། མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་གྲུ་རྫིངས་ཞེས་བྱ་བ། སློབ་དཔོན་པདྨ་བཛྲས་མཛད་པ་ཤླཽ་ཀ་སྟོང་ཕྲག་བརྒྱད་པ། ལེའུ་ལྔ་བཅུ་པ། པཎྜི་ཏ་