R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༣
[A:༢༧༣]བ། མང་ཡུལ་གྱི་སྟོན་པ་ཤྲཱི་དྷརྨ། གཡོར་རུའི་མགར་སྟོན། འདིས་བྲིས་ནས་ཕྱག་དཔེ་བླངས་པས་འཁྱགས་ནས་ཕྱག་སོར་བྲུལ་སྐད། དེ་ལ་གྲྭ་པ་མངོན་ཤེས། ཇོ་བཙུན་ཚུལ་རིན། སྨོན་གྲོའི་ལྗང་སྒོམ། ཉེ་གནས་མང་ཡུལ་བ། འཕན་ཡུལ་གྱི་གྲབ་སྟོན་དཀོན་མཆོག་སྲུངས། སྒྲོ་སྟོན་གནམ་ལ་རྩེགས། ཡུ་མོ་མི་སྐྱོད་རྡོ་རྗེ། སྲས་དྷརྨྨ་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། གྲུབ་ཐོབ་སེ་མོ་ཆེ། ཆོས་རྗེ་འཇམ་གསར་བ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཞང༌། འཇམ་དབྱངས་བཞི་ཐོག་པ། བུ་སྟོན་ཆོས་རྗེ། ཆོས་རྗེ་བསོད་ནམས་རྒྱལ་མཚན། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼ཅ༽པ་ལ། སྦྱོར་དྲུག་གི་མན་ངག་རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་དང༌། དེའི་འགྲེལ་པ་གཉིས་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ་དེ་ཉིད་དང༌། ལོ་ཙཱ་བ་དཔྱལ་ཆོས་བཟངས་ཀྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། གོ་ལུང་པ་གཞོན་ནུ་དཔལ་དང༌། དུས་འཁོར་བ་ཤེས་རབ་སེང་གེ་གཉིས་ལ། ཐར་པ་ལོ་ཙཱ་བས་གསན། དེ་ལ་ཐམས་ཅད་མཁྱེན་པ་བུ་སྟོན། ཆོས་རྗེ་བསོད་རྒྱལ་བ། ལོ་ཙཱ་བ་བྱང་རྩེ། བླ་མ་ཆོས་དཔལ་ཤེས་རབ། གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །མཚན་བརྗོད་དུས་འཁོར་ལུགས་སུ་བཤད་པ། གྲུབ་ཐོབ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་བདུད་རྩི་ཐིགས་པ་ཞེས་བྱ་བ། པཎྜི་ཏ་ནོར་བུ་དཔལ་ཡེ་ཤེས་དང༌། ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ཆོས་རྗེ་དཔལ་གྱིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། སྙ་ནམ་ལོ་ཙཱ་བ། ལོ་མཆོག སློབ་དཔོན་ནམ་ལྕགས་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩི་ཐིགས་པ་སྒྲོན་མ་གསལ་བ་ཞིབ་མོ་རྣམ་