R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣༩
[A:༢༣༩]རྣམ་པར་དག་པ་ལ། རྩོད་པ་མི་མངའ་བར། ཚངས་པ་དང་མཐུན་པར་གསུངས་པ། ཕན་པ་མཛད་པར། ལན་མི་ལྡོན་པར། སྐུའི་ཕྱོགས་གཅིག་ལ། ལྗགས་ལ་བསྟོད་པ། གཟུགས་ཅན་སྙིང་པོ་བསྡུ་བའི་མདོ། གསེར་གྱི་བྱེ་མ་ལྟ་བུའི་མདོ། དགའ་བོ་རབ་ཏུ་བྱུང་བའི་མདོ། རིན་ཆེན་ཟླ་བས་ཞུས་པའི་མདོ། ཚངས་པས་བྱིན་གྱིས་ཞུས་པའི་མདོ། འཕགས་པ་འཇམ་དཔལ་གནས་པའི་མདོ། འཕགས་པ་འཇམ་དཔལ་གྱིས་དྲིས་པའི་མདོ། འཕགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བ་ཡོངས་སུ་བསྔོ་བའི་མདོ། བྲམ་ཟེ་མ་དཔལ་ལྡན་མས་ཞུས་པའི་མདོ། སེང་གེས་ཞུས་པའི་མདོ། བདག་མེད་པས་དྲིས་པ། འཕགས་པ་བཞི་པ་བསྒྲུབ་པའི་མདོ། ཆོས་ཀྱི་རྗེས་སུ་མཐུན་པར་འཇུག་པའམ་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པའི་མདོ། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་ཉི་མའི་སྙིང་པོ། དགའ་བ་ཅན་གྱི་མདོ། བདེ་བ་ཅན་གྱི་དཀོད་པ། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ། འཇམ་དཔལ་རྣམ་པར་རོལ་པ། འཕགས་པ་འཇམ་དཔལ་གྱིས་བསྟན་པ། ལྷག་པའི་བསམ་པ་བསྟན་པའི་མདོ། རིན་པོ་ཆེའི་མཐའ་ཞེས་བྱ་བའི་མདོ། སུམ་ཅུ་རྩ་གསུམ་པའི་ལེའུ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་གཞུང༌། འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ། བྱམས་པ་འཇུག་པ། དམ་པའི་ཆོས་ཀྱི་རྒྱལ་པོ། རྒྱལ་པོ་ལ་གདམས་པའི་མདོ། དྲི་མ་མེད་པར་གྲགས་པ་བསྟན་པ། ཚེའི་མཐའི་མདོ། འཕགས་པ་ག་ཡ་གོ་རིའི་མདོ། འཕགས་པ་སྨན་གྱི་བླའི་མདོ། འཕགས་པ་སྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ། འཕགས་པ་སྒྲ་ཆེན་པོ། འཕགས་པ་བྱམས་པས་ཞུས་པའི་མདོ། སྤོབས་