R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣༨
[A:༢༣༨]ཐམས་ཅད་ཀྱི་སྤྱོད་པ་དཔའ་བར་འགྲོ་བའི་མདོ། མདོ་སྡེ་མིག་བཅུ་གཉིས་པ། ཐུབ་པ་ཆེན་པོ་དྲང་སྲོང་གར་དགའི་ལྟས་ཀྱི་སྣང་བ་བསྟན་པ་ཞེས་བྱ་བ་གཙུག་ལག་གི་མདོ། འཕགས་པ་བྱ་གར་རྣ་བའི་ནང་ནས་བྱུང་བ་གཟའ་དང་རྒྱུ་སྐར་གྱི་བཤད་པ། ཟླ་བའི་ཁྱིམ་བརྩི་བ་དང་རྒྱུ་སྐར་བརྩི་བའི་ཆོ་ག་མདོ་སྡེ་ལས་འབྱུང་བའི་མདོ། འཕགས་པ་གླང་རི་ལུང་བསྟན་པའི་མདོ། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ། ཕོ་བྲང་འཁོར་སྐྱོང་གིས་ཞུས་པའི་མདོ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་རྒྱ་པ། ལས་རྣམ་པར་འབྱེད་པའི་མདོ། ཚངས་པའི་དཔལ་ལུང་བསྟན་པའི་མདོ། སྦྱིན་པའི་ལེགས་པ་བརྗོད་པའི་མདོ། འཕགས་པ་བཀྲ་ཤིས་བརྒྱད་པའི་མདོ། སྤྲིན་ཆེན་པོའི་མདོ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་བརྩེ་བའི་ལེའུ། འཕགས་པ་སྤྲིན་ཆེན་པོའི་མདོ་ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལེའུ། འཕགས་པ་སྤྲིན་ཆེན་པོའི་རླུང་གི་དཀྱིལ་འཁོར་གྱི་ལེའུ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ། སངས་རྒྱས་ཉེ་བའི་སྲས་བརྒྱད་དང་བཅས་པ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ངན་འགྲོ་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་པར་རྒྱལ་བའི་རྟོག་པའི་གཟུངས། གཟའ་ཡུམ། གདུགས་དཀར། ཚེ་དཔག་མེད། ཆོས་ཀྱི་རྒྱ་མདོའི་མདོ། དཔལ་དབྱིག་གིས་ཞུས་པ། སངས་རྒྱས་མི་སྤང་བའི་མདོ། མདོ་ཆེན་པོ་ལྔ་གསུམ་པའི་མདོ། མདོ་ཆེན་པོ་སྒྱུ་མའི་དྲྭ་བ། མདོ་ཆེན་པོ་རྒྱལ་མཚན་དམ་པ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ། འཕགས་པ་རྣམ་པར་འཕྲུལ་བའི་རྒྱལ་པོའི་མདོ། ཆོས་ཀྱི་ཚུལ་གྱི་མདོ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ཐམས་ཅད་མཁྱེན་པ་ཉིད་གྲུབ་པ། སྟོབས་དང་མི་འཇིགས་པ་ལ་བསྟོད་པ། གསུང་