R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༠
[A:༢༤༠]པའི་བློ་གྲོས་ཀྱིས་ཞུས་པའི་མདོ། མདོ་ཆེན་པོ་རྒྱལ་མཚན་མཆོག ཆོས་དང་དོན་རྣམ་པར་འབྱེད་པའི་མདོ། དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱིས་རྣམ་གྲངས། སངས་རྒྱས་འགྲོ་བའི་མདོ། དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། བདེ་ལེགས་ཀྱི་ཚིགས་སུ་བཅད་པའི་མདོ། མཆོག་གི་སྤྱོད་པའི་སྨོན་ལམ་གྱི་མདོ། མདོ་ཆེན་པོ་ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ། གསེར་མདོག་གི་སྔོན་གྱི་སྦྱོར་བའི་མདོ། གཙུག་ཏོར་ཆེན་པོ་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་བྱུང་བའི་མདོ། ཟས་ཀྱི་འཚོ་བ་རྣམ་པར་དག་པའི་མདོ། འདའ་ཀ་ཡེ་ཤེས་ཀྱི་མདོ། སྲིད་པ་འཕོ་བའི་མདོ། ལག་ན་རྡོ་རྗེ། སྒྲིབ་པ་རྣམ་སེལ། སའི་སྙིང་པོ་གསུམ་གྱི་གཟུངས་ཚན་བརྒྱ་རྩ་བརྒྱད་པ། གཟུངས་སྔགས་དང་བཅས་པ། ཀུ་ན་ལའི་མིག་གི་རྟོགས་བརྗོད། འདུས་པ་ཆེན་པོའི་མདོ་སྡེ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་གི་མདོ། ཁམས་མང་པོའི་མདོ། ཚུལ་ཁྲིམས་ཡང་དག་པར་བསྟན་པའི་མདོ། འཕགས་པ་ཆོས། འཕགས་པ་ཆོས་བཞི་པ་བསྟན་པའི་མདོ། འཕགས་པ་རྒྱལ་བུ་དག་པའི་མདོ། ཕག་མོའི་རྟོགས་པ་བརྗོད་པའི་མདོ། འཕགས་པ་བྱམས་པས་ཞུས་པའི་མདོ། མཁར་བསིལ་གྱི་མདོ། སྦྱིན་པའི་ཕན་ཡོན་གྱི་མདོ། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ། གཞོན་ནུ་དཔེའི་མདོ། དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་ལས་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་ཆེན་པོ་གཟུངས་སྔགས་དང་བཅས་པ། ཡོངས་སུ་བསྔོ་བའི་འཁོར་ལོ་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། མདོ་ཉི་བརྒྱ་ཉེར་ལྔའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཀུན་དགའ་བོ། དགྲ་བཅོམ་པ་ཀྲྀཥྞའི་གོས་ཅན། ཡང་ཆེད་དུ་བརྗོད་པའི་ཚོམས་