R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༣༧
[A:༢༣༧]མདོ། ནམ་མཁའ་མཛོད་ཀྱིས་ཞུས་པ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། དྲན་པ་ཉེར་གཞག་ཤླཽ་ཀ་སྟོང་ཕྲག་སོ་དྲུག་སྔ་འགྱུར་དང༌། ཡང༌། ཤླཽ་ཀ་སོ་དྲུག་ཕྱི་འགྱུར་དང་བཅས་པ། ལས་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ། དེ་བཞིན་གཤེགས་པའི་གཟུགས་བརྙན་གཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། ཀུན་དུ་རྒྱུ་སེན་རིངས་ཀྱིས་ཞུས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་ཀྱི་མདོ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ། ཆོས་ཀྱི་ཕྱག་རྒྱའི་མདོ། སྒྲེས་མོས་ཞུས་པའི་མདོ། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ། རྒྱན་སྟུག་པོ་བཀོད་པ། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ། ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་ཟོད་པ། བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པའི་མདོ། རྒྱུ་གདགས་པ། རྒྱལ་བུ་དོན་གྲུབ་ཀྱི་མདོ། མངོན་པར་འབྱུང་བའི་མདོ། མདོ་ཆེན་པོ་སྟོང་པ་ཉིད། མདོ་ཆེན་པོ་སྟོང་ཉིད་ཆེན་པོ། བློ་གྲོས་མི་ཟད་པ་བསྟན་པ། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པ། འཛངས་བླུན། ཕྱོགས་བཅུ་མུན་སེལ། དཀོན་མཆོག་ཟ་མ་ཏོག སངས་རྒྱས་ཀྱི་སའི་མདོ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ། ཏིང་ངེ་འཛིན་མཆོག་དམ་པ། ཚངས་པས་ཞུས་པའི་མདོ། བྱམས་པས་ལུང་བསྟན་པའི་མདོ། གྲོང་ཁྱེར་ཀྱི་འཚོ་བ་ཀླུའི་དབང་པོ་མདོ། ལྷའི་མདོ། ལྷས་ཞུས་པའི་མདོ་ཉུང་ངུ༌། སངས་རྒྱས་བཅུ་པའི་མདོ། གཎྜིའི་མདོ། མི་རྟག་པ་ཉིད་ཀྱི་མདོ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པའི་བསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་