R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༢༦
[A:༢༢༦]བ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་གྲོང་ཁྱེར་གྱི་འཚོ་བ་ཞེས་བྱ་བ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཀླུའི་དབང་པོའི་འགྱུར། པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་དེ་བ་ཙནྡྲས་ཞུས། འཕགས་པ་ཟས་ཀྱི་འཚོ་བ་རྣམ་པར་དག་པའི་མདོ། འཕགས་པ་གླང་པོའི་རྩལ་ལྟ་བུའི་མདོ་ཞེས་བྱ་བ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ། པཎྜི་ཏ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་བ་དཔལ་གྱི་འགྱུར། པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་དེ་བ་ཙནྡྲས་ཞུས། འཕགས་པ་སྒྲ་ཆེན་པོ་སེང་གེའི་སྒྲ་བསྒྲག་པ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་སྦ་རྗེ་ཡེ་ཤེས་སྙིང་པོའི་འགྱུར། འཕགས་པ་ས་ལུའི་ལྗང་པ་ཞེས་བྱ་བའི་མདོ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྣམས་བཞུགས།། ༼ཙ༽པ་ལ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བའི་མདོ། བམ་པོ་བདུན། པཎྜི་ཏ་ཤཱཀྱ་པྲ་བྷ་དང༌། ལོ་ཙཱ་བ་དྷརྨྨ་ཏ་ཤཱི་ལ་དང༌། ལོ་ཙཱ་བ་ཏོང་ཨ་ཙཱ་ལའི་འགྱུར། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་བམ་པོ་ལྔ། ཨཱ་ཙརྻ་མཉྫུ་ཤྲཱི་གརྦྷ་དང༌། རཏྣ་རཀྵི་ཏའི་འགྱུར། འཕགས་པ་དཔལ་སྦས་ཀྱི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་བམ་པོ་བདུན། ལེའུ་བརྒྱད། པཎྜི་ཏ་དྷརྨྨ་ཤྲཱི་པྲ་བྷ་དང༌། ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་འགྱུར། རྒྱལ་པོ་ཆེན་པོ་གསལ་རྒྱལ་ལ་གདམས་པའི་མདོ། རྔ་བོ་ཆེ་ཆེན་པོ་ཞེས་པའི་བམ་པོ་ལྔ། པཎྜི་ཏ་བིདྱཱ་ཀཱ་ར་པྲ་བྷ་དང༌། ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་འགྱུར། ལོ་ཙཱ་བ་དཔལ་རྩེགས་ཀྱིས་ཞུས། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ། བམ་པོ་གསུམ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ལྷག་པའི་བསམ་པ་བསྟན་པའི་མདོ་ལེའུ་གཉིས། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས།། ༼ཚ༽པ་ལ། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་བསྡུད་པ་སྟོང་ཕྲག་