R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༢༧
[A:༢༢༧]བརྒྱ་པའི་མདོ་རྩོམ་པ་མེད་པ་ལེའུ་བཅུ་གཉིས་པ་བམ་པོ་བདུན། པཎྜི་ཏ་མཉྫུ་ཤྲཱི་གརྦྷ་དང༌། བི་ཛ་ཡ་ཤཱི་ལ་དང༌། ཤཱི་ལེནྡྲ་བོདྡྷི་དང༌། ཡེ་ཤེས་སྡེའི་འགྱུར། འདི་ལ་ཆོས་བགྲོ་བ་ཡང་ཟེར། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། མུ་ནི་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སངས་རྒྱས་བགྲོ་བ་ཞེས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གསུམ་པ། འཕགས་པ་དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བ་བམ་པོ་གསུམ་པ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་དཔལ་གྱི་དབྱངས་ཀྱི་འགྱུར། ལོ་ཙཱ་བ་དཔལ་རྩེགས་ཀྱི་ཞུས་པ། འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ། ལེའུ་གསུམ། བམ་པོ་གསུམ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་དཔལ་རྩེགས་ཀྱི་འགྱུར། འཕགས་པ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ། འཕགས་པ་སྐྱེས་པ་རབས་ཀྱི་གླེང་གཞིའི་མདོ། འཕགས་པ་ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འཕགས་པ་འདུས་པ་ཆེན་པོའི་མདོ། འཕགས་པ་བྱམས་པའི་མདོ། འཕགས་པ་བྱམས་པ་སྒོམ་པའི་མདོ། འཕགས་པ་ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ། འཕགས་པ་ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་མདོ། འཕགས་པ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་འདུལ་བའི་མདོ། འཕགས་པ་གནས་བརྟན་འོད་སྲུངས་ཆེན་པོའི་མདོ། འཕགས་པ་ཉི་མའི་མདོ། འཕགས་པ་ཟླ་བའི་མདོ། འཕགས་པ་བཀྲ་ཤིས་ཆེན་པོའི་མདོ་རྣམས་པཎྜི་ཏ་ཨཱ་ནནྡ་ཤྲཱི་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར་རྣམས་བཞུགས།། ༼ཛ༽པ་ལ། འཕགས་པ་དཀོན་མཆོག་སྤྲིན་ཆེན་པོའི་མདོ། བམ་པོ་བདུན། འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་བམ་པོ་བཅུ་པ། ལེའུ་སོ་བདུན། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྤྲིན་ཆེན་པོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་