R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༢༥
[A:༢༢༥]ཙཱ་བ་དཔལ་རྩེགས་རཀྵི་ཏའི་འགྱུར། ཚངས་པའི་དཔལ་ལུང་བསྟན་པའི་མདོ། པཎྜི་ཏ་བུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་བ་དཔལ་གྱི་འགྱུར། པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་དེ་བ་ཙནྡྲས་ཞུས། འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པ། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བདེ་ལྡན་མ་ལུང་བསྟན་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། འཕགས་པ་རྒྱལ་བའི་བློ་གྲོས། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བྱམས་པ་བདུད་རྩི་བརྗོད་པ་ཞེས་བྱ་བའི་མདོ། བྱམས་པ་འཇུག་པ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཆོས་ཀྱི་རྗེས་སུ་མཐུན་པར་འཇུག་པའམ། འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ཞེས་བྱ་བ་བམ་པོ་ལྔ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ། མར་མེ་དབུལ་བའི་མདོ་ཞེས་བྱ་