R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧
[A:༡༧]པ། སྨྲས་པ་གཉིས་པ། རྒྱས་འབྲིང་བསྡུས་གསུམ་གྱི་ཉམས་ལེན་རྣམས་སོ།། ༈ །།༼ཉ༽པ་ལ། ཚད་མ་རིགས་པའི་གཏེར། རིགས་གཏེར་རང་འགྲེལ། ལེགས་བཤད་ཚིག་གཏེར། སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ། ཡི་གེའི་སྦྱོར་བ། སྒྲའི་བསྟན་བཅོས་མཁས་པའི་ཁ་བརྒྱན། སྒྲ་ཉེ་བར་བསྡུས་པ། སྒྲ་ལ་འཇུག་པའི་རྣམ་བཤད་དང༌། སྨྲ་སྒོའི་གནད་ཀྱི་གནས་བསྡུས་པ། བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་པར་བཤད་པ། རོལ་མོའི་བསྟན་བཅོས་དང་ཇི་ལྟར་དྲིས་ཚུལ། ཐུན་མོང་དང་བྱེ་བྲག་གི་བསྔོ་བ་རྣམས་སོ།། ༈ །།འཕགས་པ་རིན་པོ་ཆེའི་བཀའ་འབུམ་༼ཊ༽པ་ལ། ལམ་འབྲས་ཕྱག་མཆོད། རྒྱུད་ཀྱི་རྒྱུད་པའི་གསོལ་འདེབས། བླ་མ་སྤྱི་བསྟོད་མུ་ཏིག་འཕྲེང་བ། བློ་ཆེན་ལྡན་པ་དང༌། གང་གིས་སྔོན་དུ་བྱང་ཆུབ་བརྙེས་གྱུར་མ། ཚོགས་གཉིས་ཚོགས་ནི་རྫོགས་གྱུར་མ་དང༌། བསོད་ནམས་ཆུ་གཏེར་དབུས་སུ་ལེགས་འཁྲུངས་མ། འགྲོ་ཀུན་དགའ་བའི་བསམ་གཏན་མ་དང༌། ཐོས་པ་རྒྱ་མཚོ། ཆོས་རྗེ་ས་པཎ་གྱིས་མཛད་པའི་གསོལ་འདེབས་ལ་སྤེལ་ནས་དེ་ཉིད་ལ་གསོལ་བ་འདེབས་པ། བླ་མའི་གསོལ་འདེབས་སྤྱོད་པ་རྣམ་དག་ལ་སྤེལ་བ། མཆོག་བརྒྱད་ལ་བསྟོད་པ་དང༌། བླ་མ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་རྣམ་བཤད། འཇམ་དཔལ། མི་གཡོ་བ། གྲྭ་ལྔ། རྡོ་རྗེ་གདན་པའི་ཆོས་དྲུག་རྣམས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། འཇིགས་བྱེད་བརྒྱུད་པའི་གསོལ་འདེབས། མཁྱེན་པའི་དཀྱིལ་འཁོར་མ། ཆོས་སྤྱོད་བཅུ་ལ་སྤེལ་བ་དང༌། གང་ལ་སྲིད་དང་རྣམ་གྲོལ་མ་རྣམས། མཎྜལ་གསོལ་གདབ། བླ་མའི་རྣལ་འབྱོར། ཕྱོགས་བཅུ་དུས་གསུམ་མ་རྣམས། བསྟོད་དབྱངས་རྒྱ་མཚོ། སྙན་དངགས་རིན་པོ་ཆེ་རྣམ་པར་བཀྲ་བ། དེ་བཞིན་གཤེགས་པའི་ཚེམས་ལ་བསྟོད་པ། འཇམ་དཔལ་ལ་བསྟོད་པ་སྐྱབས་མཆོག་