R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦
[A:༡༦]དང༌། ཉི་མ་ལ་སྤྲིང་ཡིག བློ་གསལ་དོན་གཉེར་གྱི་སྤྲིང་ཡིག ཆག་ལོ་ཆོས་རྗེ་དཔལ་གྱི་དྲིས་ལན། གློ་བོ་ལོ་ཙཱ་བ་ལ་སྤྲིང་ཡིག ཞང་ལོ་ཙཱ་བ་ལ་གདམས་པ། ཐོས་བསམ་སྒོམ་གསུམ་གྱི་དྲིས་ལན། བཀའ་གདམས་དོ་ཀོར་བའི་དྲིས་ལན། སྙེ་མོ་སྒོམ་ཆེན་གྱི་དྲིས་ལན། རྟོགས་ལྡན་གྱི་དྲིས་ལན། བོད་འབངས་སྤྱི་ལ་གདམས་པ་རྣམས་སོ།། ༈ །།༼ཇཧ༽པ་ལ། ལམ་འབྲས་བུ་དང་བཅས་པའི་ཁྲིད་ཀྱི་དཀར་ཆག སྒྲུབ་པ་ལུང་སྦྱིན། རྟེན་འབྲེལ་ལམ་རྫོགས། རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར། ལམ་སྦས་བཤད། བརྡ་དོན་གསལ་བ། ཐོ་ཡིག་རིན་ཆེན་སྒྲོན་མེ། ཁྲིད་ཀྱི་ལུང་སྦྱོར། ལྷོ་པའི་ཟིན་བྲིས། ཡང་ཟིན་བྲིས་གཅིག ཕྱག་རྒྱ་ཆེན་པོའི་དབྱེ་བ། སྤྱོད་པ་རྣམ་དག རང་སེམས་ངོས་བཟུང༌། གཅེས་བསྡུས། གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་ཡི་གེ ཕྱག་རྒྱ་ཆེན་པོ་བདུན་ལྡན་གྱི་རྩ་བ། འཁོར་བཞིའི་རྒྱའི་ཡི་གེ རྩ་བ་ཡན་ལག་གི་དམ་ཚིག་གི་བཤད་པ་དྲི་མ་མེད་པའི་རྒྱན་ཞེས་པའི་རྒྱ་ཆེར་འགྲེལ་པ། ཨཥྚའི་གཞི་བཤད། རིགས་ཀྱི་དབྱེ་བའི་བཤད་སྦྱར། ནི་དྷ་ནའི་སྒྲ་བཤད། ཡེ་ཤེས་བསྲེ་བའི་བཤད་པ། ཀྱེ་རྡོར་བསྡུས་དོན། ཚུལ་བཞིའི་བསྡུས་དོན། ཟུང་འཇུག་གསལ་བའི་བསྡུས་དོན། ཚོགས་འཁོར། སྨེ་རྩེགས་ཀྱི་སྒྲུབ་ཐབས། འདོད་རྒྱལ་གྱི་རྗེས་གནང༌། རྣམ་འཇོམས་བིར་ལུགས་མངོན་རྟོགས། རྣམ་བཤད་བདུད་རྩི་སྤེལ་བ། སྒྲོལ་མའི་སྒྲུབ་ཐབས། གཟའ་ཐམས་ཅད་མཆོད་པའི་མན་ངག་གི་རིམ་པ། དུག་སེལ་ཐབས། ཐོད་པའི་རྟག་ཐབས། མཁས་པ་འཇུག་པའི་སྒོ། གཞུང་ལུགས་ལེགས་བཤད། ང་བརྒྱད་རང་འགྲེལ་དང་བཅས་པ། འཕྲོག་བྱེད་དགའ་བ་བཏུལ་བའི་ཚེ་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་ཉེ་བའི་ཚོང་འདུས་སུ་གསུངས་པ་དང༌། བ་གོར་ཞེས་བྱ་བའི་སྒྲ་ལས་གྲངས་པའི་བསྟོད་པ། ཆོས་སྤྱོད་བཅུ་