R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨
[A:༡༨]སངས་རྒྱས་མ། འཇམ་དཔལ་ལ་བསྟོད་པ་ཤེས་བྱ་ཀུན་མཁྱེན་མ། འཇམ་དཔལ་ལ་བསྟོད་པ་རྒྱལ་བ་ཀུན་མ། འཇམ་དཔལ་བསྟན་པའི་འཁོར་ལོའི་བསྟོད་པ། རྩེ་ལྔའི་རི་སོ་སོའི་རིགས་དང་མཐུན་པར་བསྟོད་པ། ཨ་ར་པ་ཙ་ནའི་ཡི་གེའི་སྒོ་ནས་བསྟོད་པ། རྣམ་པ་སྣ་ཚོགས་ལོ་འདབ་ཞེས་པའི་བསྟོད་པ། སྐྱིད་གྲོང་འཕགས་པ་ལ་བསྟོད་པ། བྱམས་པ་ལ་བསྟོད་པ། གནས་བརྟན་བཅུ་དྲུག་ལ་བསྟོད་པ། མི་གཡོ་བའི་བསྟོད་པ། འདོད་པའི་ལྷ་ལ་བསྟོད་པའི་རབ་བྱེད། ཆོས་སྤྱོད་མན་ངག་བཅུ་པ། ལམ་འབྲས་ནས་སྒྲོལ་མ་ལུས་དཀྱིལ་གྱི་དབང་དང་སྒྲུབ་ཐབས་ཀྱི་བར་གྱི་ཆོས་ཚན་རྣམས་ཇི་ལྟར་གསན་པའི་ཚུལ་བླ་མ་བརྒྱུད་པ་དང་བཅས་པ། བླ་མ་རྣམས་ལ་ཆོས་གསན་ཡིག རྒྱུད་ཀྱི་མངོན་རྟོགས། ཀྱཻ་རྡོ་རྗེའི་རྒྱུད་ཀྱི་སྤྱི་དོན་གསལ་བ། བརྟག་པ་གཉིས་པའི་སྤྱི་དོན་གསལ་བ། ཀྱཻ་རྡོ་རྗེའི་བསྡུས་དོན། གུར་གྱི་ལེ་འགྲེལ། གུར་གྱི་ལུང་འདྲེན། སཾ་བྷུ་ཊིའི་བསྡུས་དོན། བླ་མ་ལྔ་བཅུ་པའི་བསྡུས་དོན། རྩ་ལྟུང་རྣམ་བཤད། རྒྱུད་འབུམ་དཀར་ཆག དུས་འཁོར་ཐུགས་དཀྱིལ། སྒྱུ་མ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རྒྱུ་འཕྲུལ་རྣམ་པར་རོལ་པ། མ་ཡའི་སྒྲུབ་ཐབས་མདོར་བསྡུས་པ། སྒྱུ་མ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ། སྒྱུ་མ་ཆེན་མོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྦགས་བསྒྲུབ། ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་བསྡུས་པ། བདུད་རྩི་ལྔ་མཆོད། མགོན་པོ་དང་ལྷ་མོའི་བསྟོད་པ་གང་ཐུགས། བཤགས་པ། གདོང་བཞི་པའི་བསྟོད་པ་རྣམས་སོ།། ༈ །།༼ཐ༽པ་ལ། ཧེ་རུ་ཀའི་ཡིག་བརྒྱ་བཟློ་བའི་མན་ངག་དང༌། ཀྱཻ་རྡོར་དཔའ་བོ་གཅིག་པའི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་ཡིད་བཞིན་ནོར་བུ། རྡོ་རྗེ་ཁྲོ་བོའི་འཕྲིན་ལས་བསྐུལ་བའི་ཚུལ་དང༌། བསྙེན་བསྒྲུབ་ཡན་ལག་བཞི་དང་དྲུག་གི་ཁྱད་