R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༣
[A:༡༡༣]པ། མེའི་ཟུག་རྔུ་ཞི་བར་བྱེད་པ། མཁལ་མའི་མཁྲིས་པའི་ནད་ཞི་བར་བྱེད་པ། བད་ཀན་གྱི་ནད་སེལ་བ། ཀྵ་ཡའི་ནད་སེལ་བ། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ། ཆུ་སྦྱིན་པ། མཆིལ་མ་དང༌། སྣབས་དང༌། ལུས་ཀྱི་དྲི་ཆེན་དང༌། དྲི་ཆུ་རྣམས་སྦྱིན་པར་བཏང་བའི་གཟུངས་ནི། མདོ་སྡེ་དང་རྒྱུད་ཐ་དད་ནས་བཏུས་པར་སྣང་བས། གང་བཏུས་པ་དེའི་སྡེ་དང་ཕྱོགས་སུ་རྟོགས་པར་ཤེས་པར་བྱའོ།། ༈ །།གཉིས་པ་བྱ་བའི་རྒྱུད་ལ། གསང་སྔགས་ཀྱི་སྤྱོད་པ་ཐམས་ཅད་སྤྱིར་སྟོན་པ་དཔུང་བཟངས་ཀྱི་ཞུས་པའི་རྒྱུད་ལེའུ་བཅུ་དགུ་པ། འདིའི་བརྒྱུད་པ། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། བ་རི་བ་ནས་ས་སྐྱ་པ་ལའང་བརྒྱུད་ཅིང༌། བ་རི་བ་ནས་མཆིམས་པ་ལྔ་ལ་བརྒྱུད་པ་ནི། བརྩོན་སེང༌། དོན་ནེ། ཆོས་སེང༌། བློ་བརྟན། ནམ་མཁའ་གྲགས། འཕགས་པ། ཁང་སྟོན། བློ་ཆེན། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་ནས་གོང་བཞིན་ནོ། །འཇུག་པའི་སྤྱོད་པ་དཀྱིལ་འཁོར་དུ་དབང་བསྐུར་བ་སྟོན། གསང་བ་སྤྱི་རྒྱུད། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཁང་སྟོན་འོད་ཟེར་རྒྱལ་མཚན། བློ་ཆེན། བདེ་བ་ཅན་པ། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་ནས་གོང་བཞིན་ནོ། །སྒྲུབ་པའི་སྤྱོད་པ་ལེགས་པར་སྟོན་པ་ལེགས་པར་གྲུབ་པའི་རྒྱུད་དང༌། ཏིང་ངེ་འཛིན་གྱི་སྤྱོད་པ་ཁྱད་པར་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད། དེ་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། ཨ་ཤོ་ཀ་ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་ཆེན་ཀུན་སྙིང༌། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་རྒྱལ། ས་སྐྱ་པཎྜི་