R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༡༢
[A:༢༡༢]གཟུངས། པཎྜི་ཏ་བིདྡྷྱ་ཀཱ་ར་སིངྷ་དང༌། ལོ་ཙཱ་བ་བནྡྷེ་ཀླུའི་དབང་པོའི་འགྱུར། ནོར་བུ་བཟང་པོའི་རྟོག་པ་པཎྜི་ཏ་མཉྫུ་ཤྲཱི་དང༌། བ་རིའི་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་གར་མ་ལྡན་མཆོག་གི་བརྟག་པ་སྔ་ཕྱི་གཉིས་ལ་ལེའུ་བཅུ་དྲུག པཎྜི་ཏ་དྷ་ན་གུཔྟ་དང༌། རབ་ཞི་ལོ་ཙཱའི་འགྱུར། སྣོད་འཛིན་ཞེས་བྱ་བའི་གཟུངས།
ཛམྦྷ་ལ་ཞེས་པ་ལོ་ཙཱ་བ་ཁ་ཅིག་གིས་རྨུགས་འཛིན། ཁ་ཅིག་གིས་སྣོད་འཛིན། ཁ་ཅིག་གི་གནོད་གནས་སུ་བསྒྱུར
འཕགས་པ་སྣོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས། འཕགས་པ་སྣོད་གནས་ཀྱི་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ། པཎྜི་ཏ་སྒེག་པའི་རྡོ་རྗེ་དང༌། རྭ་རྡོ་རྗེ་གྲགས་ཀྱི་འགྱུར། སྣོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་རྣམས་སོ། །ལྔ་པ། ལྔ་རྩེན་གྱི་རིགས་ལ། འཕགས་པ་མེ་མ་ལ་ཞེས་བྱ་བའི་གཟུངས། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། ༈ དྲུག་པ་ཏིང་ངེ་འཛིན་པའི་རིགས་ལ། རིགས་སྔགས་ཀྱི་རྒྱལ་པོ། དབུགས་ཆེན་པོ་ཞེས་བྱ་བ། པཎྜི་ཏ་པྲ་ཛྙཱ་ཛྙཱ་ན་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། འདི་ནི་མཚོན་པ་སྟེ། མདོ་སྡེ་རྣམས་སུ་འཇིག་རྟེན་པའི་རིགས་ཀྱི་ལྷ་ལ་སོགས་པའི་རིག་པ་ཕུལ་ཞིང་སྟོན་པས་བྱིན་གྱིས་བརླབས་པ་རྣམས་ཐམས་ཅད་ཀྱང༌། སྟོན་པ་ལ་རྟེན་པའི་རིགས་སུ་གསུངས་སོ། །སྔོན་གྱི་རྒྱུད་འབུམ་རྣམས་སུ་བྲིས་པའི་རིན་པོ་ཆེ་བདར་བའི་གཟུངས། བསྐོར་བ་བྱ་བའི་གཟུངས་གཉིས། ཡོན་ཡོངས་སུ་སྦྱོང་བའི་གཟུངས་གཉིས། ཕྱག་བྱ་བ། གོས་བརྒྱ་ཐོབ་པ། སྐྲན་ཞི་བ། མ་ཞུ་བའི་ནད་བྱང་བ། གྲང་བ་ཐམས་ཅད་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཁྲོ་བ་ཞི་བར་བྱེད་པ། ཁྲོས་པ་ཞི་བ། ཚིག་བཙན་པ། བདག་བསྲུང་བ། ཡིད་དུ་འོང་བ། མགྲིན་པ་སྙན་པ། དོན་ཐམས་ཅད་གྲུབ་པ། ལས་གྲུབ་པ། དུག་ཐམས་ཅད་ཞི་བར་བྱེད་པ། བཅིངས་པ་ལས་གྲོལ་བར་བྱེད་པ། བདུད་སྐྲག་པར་བྱེད་པ། རྨ་འབྱོར་བར་བྱེད་