R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༡༡
[A:༢༡༡]བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེའི་བཤད་རྒྱུད་རྡོ་རྗེ་རི་རབ་ཆེན་པོ་རྩེ་མོའི་ཁང་པ་རྩེགས་པའི་གཟུངས། པཎྜི་ཏ་ཤྲཱི་ལེནྡྲ་བོདྡྷི་དང༌། ཛྙཱ་ན་སིདྡྷི་དང༌། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། གསུམ་པ་རིགས་ཀྱི་ཡུམ་ནི། རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། འདི་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ནས་ཡུམ་དུ་བཤད་དོ། །བཞི་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོ་རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས། འདིའི་སྔགས་རྣམ་འཇོམས་ཀྱི་སྙིང་པོ་དང་གཅིག་གོ །ཁྲོ་བོ་བདུད་རྩི་འཁྱིལ་པ་སྒོམ་པ་རྣམ་པར་བཤད་པས་རིགས་ཀྱི་ཁྲོ་བོ་ཡིན་ནོ། །ལག་ན་རྡོ་རྗེ་བཅུའི་སྙིང་པོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། འདི་ཕྱག་རྡོར་རིགས་དང༌། ཁྲོ་བོ་ཡིན་རྒྱུ་མེད་ཀྱང༌། ལག་ན་རྡོ་རྗེའི་མིང་མཐུན་པ་ཙམ་མོ། །རྡོ་རྗེ་ཐབས་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བ། འདིའང་གཞན་ཞིག་ནས་ཕྱུང་བར་སྣང་ངོ༌།། ༈ །ལྔ་པ་རིགས་ཀྱི་ཕོ་ཉ་དང༌། བཀའ་ཉན་ཕོ་མོ་ལ། ཁྲོ་བོའི་རྒྱལ་པོ་རྨེ་རྩེགས་ལ་བསྟོད་པ་སྔགས་དང་བཅས་པ། འདི་རྒྱུད་ཡིན་མིན་བརྟག་གོ །འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལེའུ་བཞི་པ། མར་པ་ཆོས་དབང་གིས་བསྒྱུར་བའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། སྤྱོད་མཛད་ཆོས་ཀྱི་རྗེ། འགྲོ་བཟངས་སྙིང་པོ། མ་ཎི་བཛྲ། ཁ་ཆེ་ཏེ་ཛ་བཛྲ། ཟངས་དཀར་ལོ་ཙཱ། གཉན་ཚུལ་དང༌། མགོ་སྟོན་ཁྲི་རྒྱལ། བཀའ་བཅུ་པ་སྤྲུ་སྟོན། མཁན་ཆེན་ཤེས་རྡོར་བ་ནས་གོང་བཞིན་ནོ། །རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་ལྕགས་མཆུ་ནག་པོ་ཞེས་བྱ་བའི་གཟུངས་རྣམས་སོ། །བཞི་པ། ནོར་ཅན་གྱི་རིགས་ཀྱི་བརྒྱུད་པ། ནོར་བུ་བཟང་པོའི་